རྒྱ་ནག་གིས་བོད་ནང་དྲག་པོའི་དམག་སྦྱོང་བྱས་འདུག

2017-07-17
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་གིས་བོད་ནང་དམག་སྦྱོང་བྱས་བཞིན་པ། ༢༠༡༧
རྒྱ་ནག་གིས་བོད་ནང་དམག་སྦྱོང་བྱས་བཞིན་པ། ༢༠༡༧
GT

རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་བོད་ཁུལ་དུ་དྲག་པོའི་གོ་མཚོན་སྤྱད་ནས་དམག་སྦྱོང་བྱས་འདུག
དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གཅིག་གིས་གནས་ཚུལ་བཀོད་སྤེལ་བྱས་པར་ལྟར་ན། བོད་རང་སྐྱོང་ལྗོངས་ཁུལ་འགྲེམས་འཇོག་བྱེད་པའི་དམག་སྒར་རུ་ཁག་གཉིས་ནས་ཡར་ཀླུང་གཙང་པོའི་ཉེ་འཁྲིས་སུ་འཁེལ་བའི་ས་ཁུལ་དུ། དེང་དུས་འཕྲུལ་ལས་དང་མཐུན་པའི་ཐང་གྷ་རི་དང་མེ་སྒྱོགས་སོགས་ཀྱི་ལམ་ནས་གློ་བུར་ཛ་དྲག་བྱུང་ན་དམག་མི་ཚོས་གདོང་ལེན་བྱེད་ཕྱོགས་ཀྱི་དམག་སྦྱོང་བྱས་ཡོད་འདུག་པ་དེ་ནི་དེ་སྔ་དང་མི་འདྲ་བར་འཕྲུལ་རིགས་དང་དམིགས་བསལ་གསང་ཡིབ་བྱེད་ཡུལ་གྱི་བྲག་ཕུབ་ཁག་གཏོར་བཤིག་གཏོང་སྟངས། དེ་བཞིན་དགྲར་ཁ་གཏད་གཅོག་པའི་སྐབས་དམག་མི་ས་གནས་གཅིག་ནས་གཅིག་ལ་གཞིས་སྤོས་བྱེད་སྟངས་སོགས་ཀྱི་ཟབ་སྦྱོང་སྤྲད་ཡོད་འདུག
ཡང་གོང་ཞུས་གནས་ཚུལ་ཁག་གི་ནང་བཀོད་པར་ལྟར་ན། ཟླ་བ་འདིའི་ཚེས་བཅུ་ཉིན་རྒྱལ་ས་ལྷ་སའི་ནང་དུའང་དྲག་པོའི་དཔུང་དམག་གི་དམག་སྦྱོང་བྱས་ཡོད་འདུག
ཡང་རྒྱ་ནག་གི་གསར་ཤོག་ཁག་དང་དམིགས་བསལ་དྲག་པོའི་གོ་མཚོན་སྐོར་གསར་འགྱུར་མཁོ་སྒྲུབ་བྱེད་ཡུལ་གྱི་བརྒྱུད་ལམ་ཁག་གི་ནང་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱས་པར་ལྟར་ན། ད་རེས་དམག་སྤྱོང་བྱེད་པའི་གོ་མཚོན་ཁག་ནི་དམིགས་བསལ་ས་མཐོ་སར་གདོང་ལེན་བྱེད་པའི་དེང་དུས་དང་མཐུན་པའི་གོ་མཚོན་ཤ་སྟག་ཡིན་འདུག
ད་རེས་རྒྱ་ནག་གཞུང་གི་དམག་མིས་བོད་རང་སྐྱོང་ལྗོངས་ཁུལ་འདི་ལྟབུའི་ཛ་དྲག་གི་དམག་སྤྱོང་བྱས་པས་མ་ཟད། དེ་དག་ཐད་ཀར་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ནས་བསྟན་པ་དེ་ནི་དེང་སང་རྒྱ་གར་གྱི་འབྲས་ལྗོངས་ས་མཚམས་སུ་ཡུལ་གཉིས་ཀྱི་དམག་མིའི་དབར་འཁོན་འཁྲུག་ཡོད་བཞིན་པའི་སྐབས་ཡིན་དུས་རྒྱ་གར་ཕྱོགས་ལ་བརྡ་ལན་སྤྲོད་རྒྱུའི་ཆེད་ཡིན་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།