ཀ་ཤི་མིར་ཁུལ་ནང་ཞི་འགྲིགས་ཀྱི་སྒོ་མོ་གསར་པ་འབྱེད་རྒྱུའི་སྐོར།

རྒྱ་གར་གྱི་སྲིད་བློན་མཆོག་ནས་ཀ་ཤི་མིར་མངའ་ཁུལ་ནང་གི་གྱེན་ལོག་ཤོག་ཁག་ཚོའི་མཉམ་ཞི་འགྲིགས་ཀྱི་སྒོ་མོ་གསར་པ་ཞིག་ཕྱེ་རྒྱུ་ཡིན་ལུགས།
2009-10-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གྱི་སྲིད་བློན་མཆོག་ནས་ཀ་ཤི་མིར་མངའ་ཁུལ་ནང་གི་གྱེན་ལོག་ཤོག་ཁག་ཚོའི་མཉམ་ཞི་འགྲིགས་ཀྱི་སྒོ་མོ་གསར་པ་ཞིག་ཕྱེ་རྒྱུ་ཡིན་ལུགས་གསུངས་ཡོད་འདུག

སྲིད་བློན་མཱན་མོ་ཧན་སིང་མཆོག་ཉིན་གྲངས་གཉིས་རིང་བྱང་ཕྱོགས་འཇའ་མུ་ཀ་ཤི་མིར་མའང་སྡེའི་ནང་གཟིགས་བསྐོར་ཕེབས་པའི་སྐབས་ཁུལ་དེའི་ནང་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་ཟིང་ཆ་སློང་མཁན་གྱེན་ལོག་ཤོག་ཁག་ཚོའི་ངོས་ནས་དྲག་སྤྱོད་ཀྱི་ལས་འགུལ་མཚམས་བཞག་པ་ཡིན་ན་གཞུང་གི་ངོས་ནས་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་པ་དང་ཆབས་ཅིག་མངའ་ཁུལ་དེའི་ནང་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ཁག་ཅིག་ཀྱང་གསལ་བསྒྲགས་གནང་ཡོད་པ་རེད།

ཀ་ཤི་མིར་མངའ་ཁུལ་དེ་བཞིན་རྒྱ་གར་རང་བཙན་ཐོབ་པའི་རྗེས་རྩོད་རྙོག་ཡོད་མུས་ཤིག་ཡིན་པ་དང་ལྷག་པར་དུ་ཕྱི་ལོ་༡༩༨༩འགོ་སྟོད་ནས་བཟུང་ཁུལ་དེར་ཧུ་རི་ཡཏ་ཞེས་ཀ་ཤི་མིར་མངའ་སྡེ་འདིན་བཞིན་རང་བཙན་ལོགས་སུ་དགོས་ཟེར་མཁན་དང་ཡང་ན་པ་ཀི་སི་ཏན་གྱི་མངའ་ཁོངས་ཟླ་བསྒྲིལ་དགོས་ཟེར་བ་སོགས་དགོས་འདུན་བཏོན་ཏེ་གང་ལྟར་ད་བར་འདས་པའི་ལོ་ངོ་ཉི་ཤུ་ཙམ་རིང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ནས་མངའ་སྡེའི་ནང་གི་རིགས་རུས་དབར་འཁོན་འཁྲུག་དང་སྐབས་རེ་དམག་མི་དང་དྲག་སྤྱོད་པའི་དབར་ཟིང་ཆ་བྱུང་བ་སོགས་ཀྱིས་ད་བར་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད། གཞུང་གི་མཉམ་དེ་སྔ་ཕྱི་ལོ་ཉིས་སྟོང་བཞི་ལོར་གྲོས་མོལ་གནང་ཡོད་ཀྱང་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།