བློ་བཟང་རྣམ་རྒྱལ་འཛིན་བཟུང་།

2013-09-25
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གཞུང་གིས་བོད་རིགས་གཞོན་སྐྱིས་རྩོམ་པ་པོ་བློ་བཟང་རྣམ་རྒྱལ་སྔ་ལོ་ཕྱི་ཟླ་ལྔ་པའི་ནང་འཛིན་བཟུང་བྱས་ཡོད་པ།
རྒྱ་གཞུང་གིས་བོད་རིགས་གཞོན་སྐྱིས་རྩོམ་པ་པོ་བློ་བཟང་རྣམ་རྒྱལ་སྔ་ལོ་ཕྱི་ཟླ་ལྔ་པའི་ནང་འཛིན་བཟུང་བྱས་ཡོད་པ།
མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌།

༄༅༎ལོ་སྔོན་མའི་ཕྱི་ཟླ་༥ ནང་གཞོན་སྐྱེས་རྩོམ་པ་པོ་བློ་བཟང་རྣམ་རྒྱལ་ཁྲིན་ཏུའུ་གྲོང་ཁྱེར་གྱི་བྷུདྷ་རིག་གནས་ལས་ཁང་དུ་ཞོར་ལས་བྱས་བསྡད་པའི་སྐབས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་གློ་བུར་གསང་སྟབས་ཀྱིས་བཙན་ཁྲིད་བྱས་ཡོད་པ་དང༌། ཁོང་གི་ནང་མི་ ཉེ་འབྲེལ་ཚོས་རྩད་གཅོད་བྱས་ཀྱང་ཤེས་རྟོགས་མ་བྱུང་ཡང་།ད་ལོ་སྤྱི་ཟླ་༣པ་ཙམ་ལ་འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་པ་ལྟར་ན། ཁོང་ཁྲིན་ཏུའུ་ཉེན་རྟོག་བ་ལྟ་སྲུང་ཁང་ནང་བཀག་ཉར་བྱས་ཡོད་འདུག ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་འགོར་ནའང་ཐུག་འཕྲད་བྱེད་རྒྱུ་པར་ཞོག་ཐ་ན་ཟ་མ་དང་གྱོན་ཆས་སོགས་ཀྱང་སྟེར་དུ་འཇུག་གི་མེད་པའི་གནས་སྟངས་ཐད། ནང་མི་ཉེ་འབྲེལ་ཚོས་རྒྱ་གཞུང་གིས་ཁོང་ལ་མ་ཉེས་ཁ་གཡོག་བྱས་བར་ངོས་འཛིན་གྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག ཁོང་ནི་དེ་སྔོན་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀན་ལྷོ་རྨ་ཆུ་རྫོང་ཁོངས་ནས་ཐོག་མར་བོད་མི་ལས་འགུལ་བ་མི་གྲངས་༡༨ འཛིན་བཟུང་བའི་ཁྲོད་ཀྱི་གཅིག་ཡིན་པ་འདུག གཞོན་སྐྱེས་རྩོམ་པ་པོ་བློ་བཟང་རྣམ་རྒྱལ་ལགས་ནི་ད་ལྟ་རང་ལོ་༢༦ ཙམ་དང་།ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བན་སྡེ་བ་ནས་ཡིན་པ་དང༌། ཕྱི་ལོ་༢༠༡༡་ལོ ར་ར་རྒྱ་ཤེས་རིག་གླིང་ ནས་སློབ་མཐར་ཕྱིན་ཞིང༌། མི་རིགས་ཀྱི་ལ་རྒྱ་གཙོ་བོར་བརྗོད་པའི་ ༼ འཚོལ།༽ ཞེས་པའི་སྙན་ངག་དེབ་གཅིག་བརྩམས་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།