རྒྱ་ནག་ནང་ཨར་ལས་ཚད་ལྡན་མེད་པའི་སློབ་གྲྭ་འཛུགས་སྐྲུན་བྱས་པ།

རྒྱ་ནག་ནང་སློབ་གྲྭ་ཁག་ཅིག་ཚད་ལྡན་མེད་པའི་ཨར་ལས་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་ཟླ་བ་སྔོན་མ་ས་ཡོམ་རྒྱབ་དུས་ཁང་པ་བརྡིབས་པའི་གནས་ཚུལ་བྱུང་འདུག

2008.06.21

༄༅༎ཟླ་བ་སྔོན་མ་རྒྱ་ནག་དང་བོད་ཀྱི་ས་མཚམས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་ནས་སློབ་གྲྭ་མང་པོ་ཞིག་གི་སློབ་ཁང་འདིབས་ནས་སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་ཡོད་ཅིང་། སློབ་གྲྭའི་ཐོག་བརྩེགས་ཅན་གྱི་སློབ་ཁང་དེ་ཚོ་ཨར་ལས་བྱེད་པའི་སྐབས་ཚད་ལྡན་མེད་པའི་ཨར་ལས་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་ས་ཡོམ་རྒྱབ་དུས་ཁང་པ་བརྡིབས་པའི་གནས་ཚུལ་བྱུང་བ་ཞིག་ཡིན་པ་འབྲེལ་ཡོད་རྒྱ་ནག་གི་བརྟག་དཔྱད་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་ཡོད་པ་དང་། ཕ་མ་ཚོས་གཞུང་ཕྱོགས་ནས་གནད་དོན་དེའི་ཐོག་འགྲེལ་བཤད་ཁ་གསལ་བརྒྱབ་དགོས་པའི་བརྗོད་ནས་གྲོང་ཁྱེར་ལས་ཁང་མདུན་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ནས་གཟའ་སྤེན་པའི་ཉིན་ཉེན་རྟོག་མི་སྣས་རྐྱེན་འདས་སུ་ཕྱིན་པའི་སློབ་ཕྲུག་དེ་ཚོའི་ཕ་མ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད། ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ཏུའུ་ཅང་དབྱན་གྲོང་ཁྱེར་གྱི་གྲོང་མི་ཧུའུ་ཅན་ཟེར་བས་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་པར། ཉེན་རྟོག་པས་ཕ་མ་མི་གྲངས་བརྒྱད་འཛིན་བཟུང་བྱས་ཡོད་པར་བརྟེན་ ང་ཚོས་ཁོང་ཚོ་གློད་འགྲོལ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་ད་དུང་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཕ་མ་ཁག་ཅིག་ལ་ཉེས་རྡུང་བཏང་བའི་སྐོར་འགྲེལ་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎