ཡི་ཤུའི་འཁྲུངས་སྐར་ལ་ཡི་ཤུའི་བླ་ཆེན་གྱིས་གསུང་བཤད་གནང་བ།

ཡི་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ་ཡི་ཤུའི་བླ་ཆེན་མཆོག་ནས་དཀྱིལ་ཤར་ཡུལ་གྲུའི་ནང་དྲག་སྤྱོད་ལས་དོན་མཚམས་འཇོག་ཡོང་རྒྱུའི་སྐུལ་མ་གནང་བ།
2008-12-25
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཡི་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ་ཡི་ཤུའི་བླ་ཆེན་སྦེ་ནེ་ཌིཀ་མཆོག་ནས་དཀྱིལ་ཤར་ཡུལ་གྲུའི་ནང་དྲག་སྤྱོད་ལས་དོན་མཚམས་འཇོག་ཡོང་རྒྱུའི་སྐུལ་མ་གནང་ཡོད་པ་རེད།

ཡི་ཤུའི་བླ་ཆེན་མཆོག་ནས་ཡི་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བའི་སྐབས་སྟོན་པ་ཡི་ཤུའི་འཁྲུངས་ཡུལ་དཀྱིལ་ཤར་ཡུལ་གྲུའི་སྦེཐ་ལ་ཧེམ་མངའ་ཁུལ་དུ་འཁོན་འཛིན་དང་དྲག་ཟིང་མཚམས་འཇོག་བྱས་ནས་པེ་ལེ་སི་ཀྲིན་དང་ཨི་སི་རེལ་དབར་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་ཚང་མས་སྨོན་ལམ་འདེབས་དགོས་པའི་སྐུལ་མ་གནང་ཡོད་པ་རེད། དེ་དང་དུས་མཚུངས་ཡི་ཤུའི་འཁྲུངས་སྐར་ཉིན་ཨི་སི་རེལ་གྱི་བཏང་འཛིན་བྱེད་བཞིན་པའི་སྦེཐ་ལ་ཧེམ་མངའ་ཁུལ་དུ་མི་གྲངས་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་བདེ་འཇགས་སྲུང་བྱ་དམ་པོའི་ཐོག་ཡི་ཤུའི་འཁྲུངས་ཡུལ་དུ་ཆོས་ལུགས་ཀྱི་མཛད་སྒོ་ཁག་སྤེལ་ཡོད་པ་རེད། ཡི་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་དུ་འཛམ་གླིང་ཡུལ་གྲུ་ཁག་གི་དཔོན་རིགས་མང་པོས་རང་སོ་སོའི་ཡུལ་གྲུའི་ནང་ཡི་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་དང་འབྲེལ་རྒྱལ་ཁབ་སོ་སོའི་མི་མང་ཚོར་ཉེ་བའི་ནང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་སོགས་ལ་གདོང་ལེན་གྱི་བཀའ་སློབ་གསུང་བཤད་གནང་ཡོད་པ་ལྟར་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་སྐུ་ཞབས་སྦ་རཀ་ཨོ་སྦ་མ་དང་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛི་སྦེཐ་མཆོག་གིས་ཀྱང་དེ་ལྟར་གྱི་གསུང་བཤད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།