པོར་ཅུ་གྷལ་གྲོས་ཚོཊ་ནང་པཎ་ཆེན་ཡང་སྲིད་དང་འབྲེལ་བོད་དོན་གྲོས་ཆོད་བཞག་འདུག

2019-05-17
གློག་འཕྲིན།
མཆན།
Share
པར་བཀོད།
པོར་ཅུ་གྷལ་(Portugal)་གྱི་གྲོས་ཚོགས་རྭ་བ། ༢༠༡༩།༣
པོར་ཅུ་གྷལ་(Portugal)་གྱི་གྲོས་ཚོགས་རྭ་བ། ༢༠༡༩།༣
AFP

པོར་ཅུ་གྷལ་གྲོས་ཚོགས་ཀྱིས་ཡུལ་དེའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་བར་འབོད་སྐུལ་བྱ་དགོས་པའི་གྲོས་ཆོད་ཞིག་བཞག་འདུག
པོར་ཅུ་གྷལ་(Portugal)་གྱི་གྲོས་ཚོགས་ནང་པོར་ཅུ་གྷལ་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་བར་འབོད་སྐུལ་གནང་དགོས་པའི་གྲོས་ཆོད་བཞག་ཡོད་ཅིང་། འདི་ནི་པོར་ཅུ་གྷལ་གྲོས་ཚོགས་ནང་བོད་དོན་ཐད་གྲོས་ཆོད་བཞག་ནས་མངོན་གསལ་དོད་པོས་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དེ་རེས་ཐོག་མ་དེ་ཡིན་པ་ཡུལ་དེའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་འཐུད་པ་ལྕམ་ ཨ་ལེཀསྀ་སན་དྷརཱ་ཀོར་རེ་ཡས་གསུངས་འདུག
པོར་ཅུ་གྷལ་གྲོས་ཚོགས་ཀྱིས་བཞག་པའི་བོད་དོན་ཐད་ཀྱི་གྲོས་ཆོད་དེ་ལག་བསྟར་ཁྲིམས་ཡིག་གི་གྲོས་ཆོད་ཞིག་མིན་ཡང་། གྲོས་ཚོགས་ཀྱི་འཐུས་མི་མང་མོས་ཀྱི་རྒྱབ་སྐྱོར་ཡོད་པ་མཚོན་པའི་གནད་འགག་ཅན་གྱི་གྲོས་ཆོད་ཞིག་ཡིན་འདུག
(PAN) སྟེ་མི་དང་དུད་འགྲོ་རང་བྱུང་ཁམས་ཞེས་པའི་སྲིད་དོན་ཚོགས་པའི་འཐུས་མི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ ཨན་དྷརེ་སིལ་ཝ་ལགས་ཀྱིས་ འཐུས་མི་(Andre Silva) རྒྱ་ནག་གིས་བོད་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་གཞིར་བརྩི་སྲུང་མེད་པར་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆུང་བྱིས་པའི་དུས་ནས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཏེ་ལོ་ངོ་༢༤ཙམ་འགྲོ་ཡི་ཡོད་པར་། ཁོང་གི་གནས་སྟངས་ལ་བློ་འཚབ་ཡོད་པས། ཁོང་གར་ཡོད་དང་ཁོང་གི་ལུས་ཁམས་ཀྱི་གནས་སྟངས་བཅས་པ་ངོ་སྤྲོད་དང་། ཁོང་གློད་འགྲོལ་ཡོང་བར་(Portugal)་གཞུང་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་དགོས་པའི་གྲོས་འཆར་བཏོན་གནང་བར། དམར་ཤོག་གི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་བཅུ་དགུས་དགག་པ་བྱས་པ་ལས། གཞན་དེ་མིན་སྲིད་དོན་ཚོགས་པ་འདྲ་མིན་གྱི་འཐུས་མི་༢༩་ཡིས་མང་མོས་ཀྱི་ཐོག་ནས་གྲོས་འཆར་ལ་རྒྱབ་སྐྱོར་བྱས་ཡོད་པ་སྦརཱ་སེལསྀ་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསལ་བསྒྲགས་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།