ངྷི་ཕུ་སློབ་ཆུང་གི་སློབ་མས་བཞེངས་པའི་ཕོ་བྲང་པོ་ཏ་ལའི་འདྲ་གཟུགས།

2019-04-22
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མདོ་སྨད་རྔ་བ་ངྷི་ཕུ་སློབ་ཆུང་གི་སློབ་མ་ཚོས་བཞེངས་པའི་ཕོ་བྲང་པོ་ཏ་ལའི་འདྲ་གཟུགས།
བོད་མདོ་སྨད་རྔ་བ་ངྷི་ཕུ་སློབ་ཆུང་གི་སློབ་མ་ཚོས་བཞེངས་པའི་ཕོ་བྲང་པོ་ཏ་ལའི་འདྲ་གཟུགས།
འོད་ཟེར།

༄༅། །ཉེ་ཆར་བོད་ནང་གི་རྔ་བ་ངྷི་ཕུ་སློབ་ཆུང་གི་སློབ་མ་ཚོས་འདམ་བག་གིས་བཞེངས་པའི་ཕོ་བྲང་པོ་ཏ་ལའི་འདྲ་གཟུགས་ཞིག་སྤྱི་ཚོགས་དྲ་ལམ་ཁག་དུ་ཁྱབ་པ་ལ་བརྟེན་ནས་མི་མང་པོའི་དོ་སྣང་དང་སྤྱི་ཚོགས་བརྒྱུད་ལམ་ཁག་དུ་དཔྱད་གཏམ་སྤེལ་ཡོད་པ་རེད།
དེའང་དྲ་མིང་འོད་ནག་ཟེར་བ་ཞིག་གིས་མི་རིགས་ཤིག་གི་རིག་དངོས་བྱིས་པའི་རྩེད་རའི་ཁྲོད་ཡོད་ན། མི་རིགས་དེ་ད་དུང་མུ་མཐུད་འཚོ་གནས་བྱེད་ཐུབ་པའི་རེ་བ་ཡོད་ལ།  གལ་སྲིད་མི་རིགས་ཤིག་གི་རིག་དངོས་བྱིས་པའི་རྩེད་རའི་ཁྲོད་མེད་ན། མི་རིགས་དེ་ལ་འདས་བ་དང་ད་ལྟ་ལས་མ་འོངས་པ་ཡོད་མི་སྲིད་ཅེས་དང་། ཡང་དྲ་མིང་ཐེའུ་རིང་ཟེར་བ་ཞིག་གིས་བུ་རབས་ཚ་རྒྱུད་ནི་མི་རིགས་ཤིག་གི་ཕོ་བྲང་ལ་བདག་པོ་རྒྱག་མཁན་ཡིན་ལ། མི་རིགས་ཤིག་གི་ཕོ་བྲང་བཞེངས་སྐྲུན་གནང་མཁན་ཡང་ཡིན་ནོ།ཞེས་སོགས་སྤེལ་འདུག། ཡང་དྲ་མིང་མང་བུ་ཞེས་བ་ཞིག་གིས་ཁ་བྱང་དུ་རྔ་བའི་པོ་ཏ་ལ་ཞེས་བའི་ནང་དུ། ཁ་ཐག་རིང་དྲག་པས་། སྡེ་འདབས་ནས་པོ་ཏ་ལ་ཞིག་བཞེངས། ཐོབ་ཐང་ལག་ཁྱེར་མེད་ཀྱང་མཇལ་ཆོག་པ་རེད་ཅེས་སོགས་མདོར་ན་རྒྱ་ནག་གི་དམ་དྲག་དང་བྱེད་ལས་ལ་ཟུར་ཟའི་རྩོམ་ཡིག་སྤེལ་ཡོད་པ་རེད།  འདི་གའི་རླུང་འཕྲིན་ཁང་གི་གསར་འགོད་པར་བོད་ནང་གི་བོད་མི་ཅིག་གིས་རྒྱལ་ཁབ་ཀྱི་ཁྲིམས་དང་འགྲོ་ལུགས་ཟེར་བའི་ཡིག་ཆ་མང་པོ་ཞིག་མ་ཚང་ན་བཀག་ནས་ཕོ་བྲང་པོ་ཏ་ལ་ངོ་མར་མཇལ་ཐུབ་ཀྱི་མེད། མི་རིགས་འདིས་རྒྱུན་མ་ཆད་བར་དུ་རང་གི་ཕ་མཁར་དེ་གསོན་པོར་སེམས་ན་གནས་ཡོད་པ་བྱིས་པ་དེ་དག་གི་སྒྱུ་རྩལ་ལས་བསྟན་འདུག་པས་པར་དེ་དག་མཐོང་མ་ཐག་དགའ་སྤྲོ་སྐྱེས་སོང་ཞེས་བརྗོད་འདུག།
གསར་འགོད་པ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།