བཞུགས་སྒར་དང་གངས་སྐྱིད་བར་གྱི་པོ་ཏཱ་ལ་གཞུང་ལམ།


2015.06.23
བཞུགས་སྒར་གངས་སྐྱིད་བར་གྱི་པོ་ཏཱ་ལ་གཞུང་ལམ། བཞུགས་སྒར་གངས་སྐྱིད་བར་གྱི་པོ་ཏཱ་ལ་གཞུང་ལམ།
tibet.net

དབུས་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་གངས་ཅན་སྐྱིད་གཤོངས་བར་གྱི་འགྲོ་ལམ་དེར་པོ་ཏཱ་ལ་ལམ་ཞེས་མིང་བསྒྱུར་གནང་ཡོད་པ།
དེ་ཡང་རྒྱ་གར་བྱང་ཕྱོགས་Himachalམངའ་སྡེའི་བློན་ཆེན་བློན་ཆེན་སྐུ་ཞབས་Virbhadra Singnམཆོག་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཆེ་བསྟོད་ཞུས་ཏེ་ཕྱི་ཟླ་དྲུག་པའི་ཚེས་༢༢ཏེ་༧རྒྱལ་བའི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་བའི་ཉིན་གཉིས་པའི་ཐོག་རྡ་སྟེང་མེག་ལོར་གྷན་ཇི་ནས་རྡ་ཤོད་གངས་ཅན་སྐྱིད་གཤོངས་བར་གྱི་འགྲོ་ལམ་དེར་པོ་ཏཱ་ལ་ལམ་ཞེས་མིང་བསྒྱུར་གནང་ཡོད་པ་དང་། དུས་ཚོད་དེ་ཡང་མ་འགྲིག་ལྷུན་གྲུབ་ཀྱིས་དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༢༣ དེ་ནི་བློན་ཆེན་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་ཡང་འཁེལ་ཡོད་པར་བརྟེན་དབུ་ཁྲིད་རྣམ་གཉིས་ཀྱི་འཁྲུངས་སྐར་གྱི་དུས་བཟང་དེར་༧གོང་ས་མཆོག་གིས་ཀྱང་བློན་ཆེན་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་གནང་ཡོད་པ་རེད།
བཞུགས་སྒར་རྡ་རམ་ས་ལའི་འགྲོ་ལམ་དེར་པོ་ཏ་ལ་ལམ་ཞེས་མིང་བསྒྱུར་བྱ་རྒྱུའི་ཐད་ལ་ཐོག་མར་བསམ་ཚུལ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་དཔོན་རིགས་དང་མཇལ་འཕྲད་རིམ་པ་གནང་བའི་སྐབས་ཞུས་པ་དང་། མཐར་ས་གནས་རྫོང་དཔོན་གཙོས་པའི་ས་གནས་ཀྱི་ཆབ་སྲིད་པ་རྣམས་དང། ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཚོ་བརྒྱུད་ལས་དོན་བརྒྱུད་རིམ་ཁག་གྲུབ་པའི་རྗེས་མཐའ་དོན་མངའ་སྡེའི་བློན་ཆེན་མཆོག་གིས་ཐག་གཅོད་གནང་སྟེ་དངོས་སུ་མིང་བསྒྱུར་གནང་ཡོད་པ་རེད། དེར་བརྟེན་སྲིད་སྐྱོང་མཆོག་གིས་Himachalམངའ་སྡེའི་བློན་ཆེན་མཆོག་དང་ས་གནས་རྒྱ་གར་མི་དམངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཆབས་ཅིག་དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་གནང་རྒྱུར་སྐོམ་པ་ཆུ་འདོད་བཞིན་འདུན་པ་དྲག་པོ་བཅངས་བཞིན་ཡོད་པ་ལྟར། མ་འོངས་༧གོང་ས་མཆོག་ལྷ་སའི་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་རྒྱུར་བཞུགས་སྒར་རྡ་རམ་ས་ལའི་པོ་ཏ་ལ་ལམ་ཞེས་པའི་ཕེབས་ལམ་དེ་བརྒྱུད་ཆིབས་བསྒྱུར་གནང་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།  

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་པའི་གྲོང་ཚོ་གསར་རྒྱག་གི་ལས་འཆར་དངོས་སུ་འགོ་བཙུགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་ནང་བསྟན་རྒྱ་སྒྱུར་གཞི་རྩར་བཟུང་ནས་རྒྱ་ནག་གི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་འདུ་ཟེར་བ་ཞིག་འཚོག་འཆར་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎