ཐེ་ཝན་ནང་གནས་སྡོད་བོད་མི་ཚོས་ཡོན་ཏན་ལགས་ཀྱི་བདུན་ཚིགས་དང་པོར་བསྔོ་སྨོན་མཆོད་འབུལ་འཚོགས་པ།


2019.12.03
ཐེ་ཝན་ནང་གནས་སྡོད་བོད་མི་ཚོས་ཡོན་ཏན་ལགས་ཀྱི་བདུན་ཚིགས་དང་པོར་བསྔོ་སྨོན་མཆོད་འབུལ་འཚོགས་པ། བོད་མི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་བདུན་ཚིགས་དང་པོར་ཐེ་ཝན་ནང་གནས་སྡོད་བོད་མི་ཚོས་བསྔོ་སྨོན་མཆོད་འབུལ་གནང་བ།
བོད་མིའི་སྒྲིག་འཛུགས།

སྤྱི་ཟླ་ ༡༡ པའི་ཚེས་༢༦ཉིན་བོད་མདོ་སྨད་རྔ་བ་ནས་བོད་མི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཟླ་འདིའི་སྤྱི་ཚེས་༢ཉིན་ནི་ཁོང་སྐུ་གྲངས་པའི་བདུན་ཚིགས་དང་པོ་ཡིན་པར་བརྟེན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དུ་བདུན་ཚིགས་དང་པོ་དེ་འཚོགས་ཡོད་པའི་སྐོར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་ཡོད་པ་རེད། ཐེ་ཝན་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་གསུངས་ན། དགུང་ལོ་ ༢༤ ཡིན་པའི་ཡོན་ཏན་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་བ་རེད། དེ་རིང་ང་ཚོས་བདུན་ཚིགས་དང་པོ་སྲུང་བརྩི་ཞུ་གི་ཡོད། གལ་ཆེ་ཤོས་ཁོང་གིས་སྐུ་ལུས་མཆོད་མེ་ཕུལ་བའི་ཀུན་སློང་དེ་ལ་ང་ཚོས་བསམ་བློ་གཏོང་དགོས་ཀྱི་ཡོད། ང་ཚོ་བོད་མི་ཚང་མར་ལས་འགན་རེ་ཡོད་པའི་ཆ་ནས། ཚང་མས་ཧུར་ཐག་གནང་དགོས་བ་སོགས་གསུངས་འདུག
དེ་བཞིན་སྨོན་ལམ་འགྲུབ་རྗེས་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། དེང་སྐབས་བོད་ནང་རྒྱ་གཞུང་གིས་དམ་དྲག་ཇེ་ཆེར་གཏོང་བཞིན་པ་དང་། ལྷག་པར་ཆོས་བྱེད་དགེ་འདུན་གྱི་སྡེ་ལ་སྡང་ཟུག་ཆེན་པོས་དམ་བསྒྲགས་བྱེད་བཞིན་པ་དང་།  བོད་ཡིག་སློབ་སྦྱོང་བྱེད་དགོས་རེད་ཟེར་མཁན་ཚོར་ཡང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་།  བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དགོན་པ་ཁག་ཅིག་ད་ཆ་འགྲེམས་སྟོན་ལྷ་ཁང་ལྟ་བུར་འགྱུར་ཟིན་པ་དང་། གང་ལྟར་བོད་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས། ཡོན་ཏན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེས་གཞིས་ལུས་བོད་མི་ཚོས་སྙིང་སྟོབས་ཆེན་པོས་བོད་ཀྱི་རྩ་དོན་ཆེད་དཀའ་ལས་ཇི་ཙམ་བརྒྱབ་དང་རྒྱག་བཞིན་ཡོད་པ་མཚོན་ཐུབ་པ་སོགས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎