རྒྱ་ནག་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་གྲས་སུ་མིང་འདོན་གནང་འདུག

2022.05.03
Share on WhatsApp
Share on WhatsApp
རྒྱ་ནག་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་གྲས་སུ་མིང་འདོན་གནང་འདུག གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་འཛམ་གླིང་གི་ས་ཁྲ།
@RWB

དེ་ཡང་འདི་ཚེས་༣ཉིན་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དང་འབྲེལ་འཛམ་གླིང་ནང་གསར་འགོད་རང་དབང་གི་གནས་སྟངས་སྐྱོ་བོ་ཡོད་པའི་རྒྱལ་ཁབ་༡༨༠ཡི་ཁོངས་སུ་རྒྱ་ནག་དེ་བཞིན་རྒྱལ་ཁབ་སྡུག་ཤོས་ཨང་༡༧༥བར་མིང་འདོན་གནང་ཡོད་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་གསར་འགོད་པའི་མིང་ཐོའི་ཐོ་གཞུང་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་གིས་ལོ་༡༥ཡི་བཙོན་འཇུག་ཁྲིམས་ཆད་བཏང་རྗེས་ལོ་༢སྔ་སྣུར་གྱིས་ཉེ་ཆར་སྤྱི་ཟླ་༣པའི་ནང་གློད་བཀྲོལ་བཏང་བ་བོད་ནང་གི་མཆོད་མེ་དྲ་རྒྱ་གཙོ་གཉེར་བྱེད་མཁན་མགོ་པེ་ཚང་དཀོན་མཆོག་ཚེ་འཕེལ་ལགས་དང་། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དང་འབྲེལ་བའི་ཐད་རྩོམ་བྲིས་རྐྱེན་༢༠༡༥ ཟླ་༤ཚེས་༡༧ཉིན་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་བློ་བཟང་འཇམ་དབྱངས་ལགས། ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་༢༠༡༤ཟླ་༨ཚེས་༡༣ ཉིན་འཛིན་བཟུང་བཙོན་འཇུག་བྱས་པ་ཟླ་བ་འཚོ་མོ་ལགས་བཅས་ཀྱི་མིང་འདོན་གནང་འདུག་ལ། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་ཨེལ་ཝིཡནི་(Cedric Alviani)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་སྐབས་བོད་ནང་ནས་གནས་ཚུལ་ཁག་གསང་བའི་སྒོ་ནས་ལེན་ཐབས་བྱེད་དགོས་བ་དང་དེ་ཡང་སྔར་ལས་ཁག་པ་ཡོད་པ་གསུངས་བ་དང་མཉམ་བོད་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཐད་ཐུགས་ཚབས་ཡོད་པ་གསུངས་བྱུང་།
དེ་བཞིན་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ལ་དམ་དྲག་ཤུགས་ཆེ་བྱས་པར་བརྟེན། བོད་ནང་གི་གནས་ཚུལ་རག་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོར་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གསར་འགོད་པ་ཚོས་ཀྱང་གསལ་སྟོན་གནང་འདུག
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders)་ཀྱི་ཞིབ་འཇུག་སྙན་ཐོའི་ནང་། ཧོང་ཀོང་ནང་གི་གསར་འགོད་རང་དབང་གི་གནས་བབ་དེ་སྔ་ལོར་ཨང་རིམ་༦༨པ་ནས་ད་ལོ་ཨང་རིམ་༡༤༨བར་མར་ཟག་ཡོད་པ་གསལ་སྟོན་གནང་འདུག་ལ། ཐེ་ཝན་དུ་ཡོད་པའི་ཚོགས་པ་དེའི་ཨེ་ཤེ་ཡའི་མངའ་ཁུལ་གྱི་འགན་འཛིན་སྐུ་ཞབས་(Cedric Alviani)་ཡིས། སྔ་ལོ་ཧོང་ཀོང་ནང་གསར་འགོད་པ་༡༣བཙོན་འཇུག་བྱས་ཡོད་པ་དེ་གྲངས་འབོར་ཧ་ཅང་གི་ཆེན་པོ་ཡིན་པ་དང་། གྲངས་འབོར་དེ་ནི་རྒྱ་ནག་ཁྱོན་ཡོངས་ནང་གསར་འགོད་པ་འཛིན་བཟུང་བཙོན་བཅུག་གི་བརྒྱ་ཆ་བཅུ་ཙམ་ཆགས་ཀྱི་ཡོད་པའི་སྐོར་གསུང་འདུག

གསར་འགོད་པ། བཀྲ་ཤིས་དབང་ཕྱུག བློ་བྷེ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎