བོད་མི་རྩོམ་བྲིས་པ་གཉིས་འཛིན་བཟུང༌།

ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་རྩོམ་བྲིས་པ་གཉིས་བོད་མཚོ་སྔོན་ཞིང་ཆེན་ནང་ནས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2010.09.07

༄༅༎བོད་མི་རྩོམ་བྲིས་པ་གཉིས་ཀྱིས་ཕྱི་ལོ་༢༠༠༨ལོར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་སྐོར་གྱི་རྩོམ་བྲིས་སྤེལ་བའི་རྗེས་ཉེ་ཆར་རྒྱ་ནག་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱས་ཡོད་པའི་སྐོར་དེ་རིང་ཕེ་རན་སིའི་རྒྱལ་ས་པེ་རེ་སིའི་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཚོགས་པས་གསལ་བསྒྲགས་སྤེལ་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་བཀོད་པར་གཞིགས་ན། རྩོམ་བྲིས་པ་ཁོང་གཉིས་ཀྱི་མཚན་ལ་ལྦུ་རྡ་དང་སྐལ་བཟང་སྦྱིན་པ་ཞུ་བ་དང༌། རྒྱ་ནག་གཞུང་གིས་ཁོང་གཉིས་ཕྱི་ཟླ་དྲུག་པ་དང་ཕྱི་ཟླ་བདུན་པའི་ནང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ནང་ནས་འཛིན་བཟུང་བྱས་པ་མ་ཟད། ཁ་བྲལ་རིང་ལུགས་པའི་ཉེས་མིང་བཙུགས་ཡོད་པ་དང༌། ད་རེས་བསྐྱར་དུ་བོད་མི་རྩོམ་བྲིས་པ་ཁོང་གཉིས་འཛིན་བཟུང་བྱས་པ་དེ་ཡིས། ད་བར་དུ་རྒྱ་ནག་གཞུང་གིས་བོད་མི་རྩོམ་བྲིས་པ་དང་གསར་འགོད་པ་འཛིན་བཟུང་བྱས་པ་མི་གྲངས་༡༥ ཟིན་ཡོད་པ་དེ་དག་ནི་ཁོང་ཚོས་རང་དབང་གི་རྩོམ་བྲིས་སྤེལ་བའི་ཉེས་མིང་གིས་འཛིན་བཟུང་བྱས་པ་ཤ་སྟག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད། ད་དུང་ཡང་གསལ་བསྒྲགས་དེའི་ནང་དུ། ཉུང་མཐར་བོད་མི་ལྔ་བཅུར་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་གིས་འཛིན་བཟུང་དོ་དམ་བྱས་ཡོད་པའི་གནས་ཚུལ་བཀོད་ཡོད་པ་ལས་བོད་མི་དེ་དག་གི་མིང་དང་ས་གནས་གང་ནས་ཡིན་མིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་མེད་པ་རེད།

རྒྱ་གར་ནང་དུ་ཡོད་པའི་རྒྱལ་སྤྱིའི་བོད་ཀྱི་རྩོམ་བྲིས་ཚོགས་པས་གསུང་ན། ལྦུ་རྡ་དང་སྐལ་བཟང་སྦྱིན་པ་ལགས་གཉིས་ཀྱི་རྩོམ་བྲིས་རྒྱ་ནག་གི་ཕྱི་ཕྱོགས་སུ་པར་སྐྲུན་བྱས་པའི་རྗེས་འཛིན་བཟུང་བྱས་པའི་གནས་ཚུལ་གསུང་ཡོད་ཅིང༌། འོན་ཀྱང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཞི་ནིང་ནང་གི་ཉེན་རྟོག་ལས་ཁང་དུ་རྩོམ་བྲིས་པ་གཉིས་འཛིན་བཟུང་བྱས་པའི་གནད་དོན་སྐོར་འདྲི་རྩད་བྱེད་སྐབས་ལན་འདེབས་གང་ཡང་བཤད་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབྱིན་ཇིའི་སྲིད་བློན་ལས་ཁུངས་སུ་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པར་བོད་མི་སྐུ་ཚབ་མཉམ་ཞུགས གནང་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎