ཏཱ་ལའི་བླ་མའི་མཁྱེན་པ་ཞེས་པའི་གློག་བརྙན།


2014.02.15
ཏཱ་ལའི་བླ་མའི་མཁྱེན་པ། ཏཱ་ལའི་བླ་མའི་མཁྱེན་པ་ཞེས་པའི་གློག་བརྙན།
ཁཤ་ཡར། རྡར་ཝིཅ་ཡི་ངོ་དེབ།

༄༅༎ཏཱ་ལའི་བླ་མའི་མཁྱེན་པའམ། དབྱིན་སྐད་ནང་ Dalai Lama Awakening ཞེས་པའི་གློག་བརྙན་གསར་པ་ཞིག་བཟོ་བསྐྲུན་ཞུས་ཡོད་པ་དེ། རྒྱ་ཁྱབ་དུ་འགྲེམ་སྤེལ་མ་བྱེད་གོང་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་དམིགས་བསལ་མགྲོན་འབོད་ཀྱི་སྐུ་མགྲོན་དང་གསར་འགོད་པ་སོགས་ལ་སྤྱན་འབུལ་ཞུ་རྒྱུ་ཡིན་འདུག།
གློག་བརྙན་འདི་ནི་ནུབ་ཕྱོགས་ཀྱི་གསར་གཏོད་རང་བཞིན་གྱི་བསམ་བློ་ཡོད་མཁན་ཤེས་ཡོན་ཅན་གྱི་མི་སྣ་ཁག་གཅིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་རྗེས་ཁོང་ཚོའི་མི་ཚེའི་ནང་འགྱུར་བ་རླབས་ཆེན་ཕྱིན་པའི་དངོས་བྱུང་ལོ་རྒྱུས་གཞི་ལ་བཞག་སྟེ་བཟོས་པ་ཞིག་ཡིན་འདུག་ཅིང་། གློག་བརྙན་བཟོ་མཁན་ ཁཤ་ཡར། རྡར་ཝིཅ་ཡིས་འདིའི་གོང་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་གློག་བརྙན་ཏཱ་ལའི་བླ་མའི་དུས་སྐབས་སམ། Dalai Lama Renaissance ཞེས་པ་ཞིག་བཟོ་བསྐྲུན་ཞུས་ཏེ་བྱ་དགའ་ཆེ་ཆུང་གྲངས་བཅུ་གཉིས་ཙམ་ཐོབ་ཡོད་འདུག།
གློག་བརྙན་བཟོ་བསྐྲུན་པས་གློག་བརྙན་འདི་ནི་བཟོས་པའི་གནས་སྐབས་སུ་ཡང་ངོས་རང་གི་སེམས་ཀྱི་གཏིང་ནས་མགུལ་བསྐྱོད་བྱུང་བ་ལྟར། གློག་བརྙན་བལྟ་བ་པོ་ཚོའི་སེམས་ཀྱི་ནང་ཡང་བག་ཆགས་དང་འགྱུར་བ་བཟང་པོ་ཞིག་འབྱུང་རྒྱུར་གདེངས་སྤོབས་དང་ཡིད་ཆེས་ཡོད་ཅེས་གསུངས་འདུག།

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎