ཆུ་ཤུལ་བཙོན་ཁང་ནང་བོད་མི་༢༠༠ལྷག་བཙོན་འཇུག

ལྷ་སའི་ཉེ་འགྲམ་དུ་ཡོད་པའི་རྒྱ་མིའི་ཆུ་ཤུལ་བཙོན་ཁང་ནང་བོད་མི་ ༢༠༠ལྷག་ཙམ་ཆབ་སྲིད་ཀྱི་ནག་ཉེས་ཉེས་འཛུགས་ཐོག་བཙོན་འཇུག་བྱས་ཡོད་པའི་སྐོར་དངོས་མཐོང་གནས་ཚུལ་འགྲེལ་བརྗོད་གནང་འདུག

2012.12.17

༄༅།    །ཉེ་འཆར་བཙོན་གྲོལ་ཐོབ་པའི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པ་གཞིར་བཟུང་བྱས་ན། ཁོང་རྒྱ་ནག་གི་ཆུ་ཤུལ་བཙོན་ཁང་ནང་དུ་ཕྱི་ལོ་༢༠༠༩ ནས་བཟུང་བཙོན་འཇུག་བྱས་ཡོད་པ་དང་། དེ་ནས་ཉེ་འཆར་་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་ཅིང་། ཁོང་གིས་བཙོན་ཁང་དུ་སྡུག་སྦྱོང་མྱོང་བཞིན་པ་དང་། ཁ་ཤས་གློད་གྲོལ་ཐོབ་པ་དང་། མང་པོ་ཞིག་ལ་དུས་ཡུན་རིང་པོའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་སྐོར་བཙོན་ཁང་ནང་དུ་མྱོང་བཞིན་བོད་མིའི་སྐུ་ཚབ་གནང་ནས་ལོ་རྒྱུས་ངོ་སྤྲོད་གནང་བ་ཡིན་ཞེས་གསལ་བཤད་གནང་སོང་། ཁོང་གིས་དྲན་པའི་བོད་རིགས་བཙོན་པ་ཁག་ཅིག་ཀྱང་ངོས་འཛིན་གནང་ཡོད་ཅིང་། དེའི་ཁུངས་སུ་རྒྱ་ནག་གིས་ལོ་བཅུ་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བློ་གྲོས་ཞུས་པ་ཞིག་དང་། བློ་བཟང་དངོས་གྲུབ་ལགས་དང་། བཟོད་པ་གཉིས་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ཕ་ཡུལ་ཡངས་པ་ཅན་ནས་ཡིན་པ་དང་། བཙན་བྱོལ་གསོ་སྒར་སློབ་གྲྭའི་ནང་སློབ་སྦྱོང་བྱས་མྱོང་ཡོད་པའི་ དབྱངས་ཆེན་ཆོས་འཕེལ་ཞུ་བ་སོགས་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག ཁོང་གིས་མུ་མཐུད་ནས་ངོ་སྤྲོད་གནང་དོན་ནང་། ཆུ་ཤུལ་བཙོན་ཁང་ནང་རྒྱ་གར་ནས་ཕྱིར་ཕེབས་པའི་བསྟན་འཛིན་ཆོས་འཕེལ་ལགས་ཞུས་པ་ཞིག་དང་། མགོ་ལོག་གཅིག་བསྒྲིལ་ནས་ཡིན་པ་ བསྟན་པ་རི་འཛིན་ཞུས་པའི་ལུང་དཀར་དགོན་པའི་དགེ་འདུན་པ་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གནང་གི་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་དབྱར་དུས་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎