ཡོ་རོབ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བོད་དོན་དྲིལ་བསྒྲཌ།

བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ཡོ་རོབ་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་མ་རེད་ཅེས་པའི་སྟོད་གོས་གྱོན་ནས་རྒྱུགས་ཡོད་པ་རེད།

2008.06.26

༄༅༎བོད་དོན་རྒྱབ་སྐྱོར་བ་ཞིག་གིས་སུད་སི་གྲོང་ཁྱེར་སྦ་སེལ་ནང་ཟླ་བ་འདིའི་ཚེས་༢༥ཉིན་སྤེལ་བའི་ཡོ་རོབ་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་མ་རེད་ཅེས་པའི་སྟོད་གོས་གྱོན་ནས་རྩེད་འགྲན་ཚོགས་རྭར་ཡར་རྒྱུགས་མར་རྒྱུགས་བྱས་ནས་བོད་དོན་དྲིལ་བསྒྲགས་མཚོན་ཐབས་བྱས་ཡོད་པ་རེད། ཡོ་རོབ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་ནས་ཚེས་༢༥ཉིན་འཇར་མ་ནི་དང་ཊར་ཀི་རྒྱལ་ཁབ་གཉིས་དབར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་པའི་སྐབས་བོད་དོན་རྒྱབ་སྐྱོར་བ་ཕྱི་རྒྱལ་མི་རིགས་ཤིག་གིས་སྟོད་གོས་ཐོག་བོད་དེ་རྒྱ་ནག་གི་མ་རེད་ཅེས་པའི་དབྱིན་ཡིག་བྲིས་པ་ཞིག་གྱོན་ནས་ སྤོ་ལོའི་འགྲན་བསྡུར་སྤེལ་སའི་སེན་ཇེ་ཁོབ་ཟེར་བའི་སྤྱི་གླིང་གི་རྩེད་འགྲན་ཐང་ཆེན་ནང་ཕར་རྒྱུགས་ཚུར་རྒྱུགས་བྱས་ནས་རང་ཉིད་ཀྱི་བསམ་ཚུལ་མཚོན་ཐབས་བྱས་ནས་མཐར་ཉེན་རྟོག་མི་སྣས་ཁོང་རྩེད་འགྲན་ཐང་ཆེན་ནས་ཕྱིར་འབུད་བྱས་ཡོད་འདུག བོད་ནང་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ཐོག་ནས་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་པའི་རྗེས། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པའི་ཁར། ཕྱི་རྒྱལ་མི་རིགས་ཚོས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱས་ནས་ རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཁ་རྡུང་གཏོང་མཁན་ཡང་ཇེ་མང་དུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎