དངུལ་ལོ་བཀག་སྡོམ་ལ་རྒྱ་གར་རྒྱལ་ཡོངས་སུ་ངོ་རྒོལ་བྱེད་བཞིན་འདུག

2016-11-28
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གཞུང་གིས་བཀག་སྡོམ་བྱས་བའི་ཧིན་སྒོར་༥༠༠་དང་ཆིག་སྟོང་ཅན། ༢༠༡༦
རྒྱ་གར་གཞུང་གིས་བཀག་སྡོམ་བྱས་བའི་ཧིན་སྒོར་༥༠༠་དང་ཆིག་སྟོང་ཅན། ༢༠༡༦
པར་ཚགས།

རྒྱ་གར་གཞུང་གིས་ཧིན་སྒོར་༥༠༠་དང་ཆིག་སྟོང་ཅན་བེད་སྤྱོད་བཀག་སྡོམ་བྱས་པ་དེར་རྒྱ་གར་རྒྱལ་ཡོངས་ནང་མི་དམངས་སྟོང་ཕྲག་མང་པོས་ངོ་རྒོལ་རྔམ་སྟོན་བྱས་འདུག
དེ་ཡང་འདི་ཚེས་༢༨་གཟའ་ཟླ་བའི་ཉིན་རྒྱ་གར་རྒྱལ་ཡོངས་ནང་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་དེ་ནི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གིས་འགོ་ཁྲིད་བྱས་པ་ཞིག་ཡིན་པ་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཧིན་སྒོར་༥༠༠་དང་ཆིག་སྟོང་ཅན་བེད་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་དེས་དཔལ་འབྱོར་གྱི་ཛ་དྲག་བཟོས་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག
རྒྱ་གར་ཤར་ཕྱོགས་མངའ་སྡེ་ནུབ་བྷེང་གྷོལ་གྱི་རྒྱལ་ས་Kolkata་འི་ནང་མི་མང་གཉིས་ཁྲི་ལྔ་སྟོང་ལྷག་སྲང་ལམ་ནང་ཐོན་སྟེ་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་Mamta Banerjee་མཆོག་གིས་གལ་ཏེ་ཧིན་སྒོར་༥༠༠་དང་ཆིག་སྟོང་ཅན་མུ་མཐུད་ནས་བེད་སྤྱོད་བྱེད་མི་ཆོག་པའི་དམ་བསྒྲགས་བཀག་སྡོམ་བྱས་ཚེ་ཟིང་ཆེའི་ནད་ཡམ་ཁྱབ་རྒྱུ་ཡིན་སྐོར་སྡོན་བརྡ་བཏང་གནང་འདུག
ཡང་རྒྱ་གར་གྱི་དཔལ་འབྱོར་གྱི་གྲོང་ཁྱེར་ཆེན་མོ་མུམ་བྷེའི་ནང་ལ་ཡང་མི་མང་༦༠༠༠་ལྷག་གིས་ངོ་རྒོལ་རྔམ་སྟོན་བྱས་སྐོར་ས་གནས་ཉེན་རྟོགས་པས་བརྗོད་འདུག
རྒྱ་གར་གྱི་ཕྱོགས་འགལ་ཀོང་རེས་ཚོགས་པའི་Manish Tiwari་ཡིས་གཞུང་ནས་མང་ཚོགས་ཐོག་གསལ་བསྒྲགས་མ་བྱས་པའི་དཔལ་འབྱོར་གྱི་ཛ་དྲག་བཙན་བཀེལ་བྱས་པ་དེར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ལ་རྒྱ་གར་རྒྱལ་ཡོངས་ནང་མི་མང་ལ་དཀའ་ངལ་མང་པོ་འཕྲད་བཞིན་པ་དེ་ནི་གཞུང་འཛིན་གྱིས་ཁྲིམས་འགལ་ཐག་གཅོད་བྱས་པ་ལས་བྱུང་བ་ཡིན་སྐོར་ཕ་རན་སིའི་གསར་ལས་ཁང་ལ་གསུངས་འདུག
ཧིན་སྒོར་༥༠༠་དང་ཆིག་སྟོང་ཅན་ཡོད་པ་ཚོས་འདི་ལོའི་ལོ་མཇུག་བར་དངུལ་ཁང་ལ་བཅུག་ཆོག་གི་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།