ཉི་ཧོང་གི་རྒྱལ་སར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་ལ་ངོ་རྒོལ།

2020-06-29
གློག་འཕྲིན།
མཆན།
Share
པར་བཀོད།
ཉི་ཧོང་གི་རྒྱལ་སར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་ལ་ངོ་རྒོལ་སྐབས། ༢༠༢༠།༦།༢༨
ཉི་ཧོང་གི་རྒྱལ་སར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་ལ་ངོ་རྒོལ་སྐབས། ༢༠༢༠།༦།༢༨
དྲ་བཤུས། BT

ཉི་ཧོང་གི་རྒྱལ་སར་བོད་མི་དང་རྒྱ་གར་བ་སོགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མང་པོ་འཛོམས་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་འདུག
འདི་ཚེས་༢༨་རེས་གཟའ་ཉི་མ་ཉིན། ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་(Shibuya)་ཞེས་པའི་མེ་འཁོར་རི་ལིའི་འབབ་ཚུགས་སུ་བོད་མི་དང་རྒྱ་གར་བ། ཉི་ཧོང་གི་མི་སེར། ཐེ་ཝན་གྱི་མི་སེར་སོགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མང་པོ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད་པ་(Daily News and Analysis)་ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་གསལ་ལྟར་ན། ད་ཐེངས་ཉི་ཧོང་ནང་གི་ངོ་རྒོལ་དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལོ་ཤས་གོང་ནས་འཛམ་གླིང་ཐོག་མི་གཅིག་དབང་འཛིན་གྱི་བྱ་སྤྱོད་དང་རྒྱ་བསྐྱེད་རིང་ལུགས་ཀྱི་ལས་དོན་སྤེལ་བའི་དུས་སྐབས་འཁེལ་ཡོད་ཚུལ་དང་། ཉེ་བའི་དུས་སྐབས་སུ་ཞི་ཅིང་ཕིང་གིས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་དང་། ཧྥི་ལི་པེནསུ། ཝི་དི་ནམ། རྒྱ་གར། འབྲུག་ཡུལ་བཅས་པའི་རྒྱལ་ཁབ་ཁག་ཙམ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོ་ལ་སོགས་པའི་ཁུལ་ནས་བདག་དབང་རྒྱ་བསྐྱེད་དང་། དེ་མིན་བརྒྱུད་གཅིག་ལམ་གཅིག་ཅེས་པའི་མིང་ཐོག་ནས་རྒྱལ་སྤྱིའི་ནང་རྒྱ་བསྐྱེད་ཀྱི་ལས་དོན་སྤེལ་བཞིན་པ་དེ་དག་ལ་ངོ་རྒོལ་དང་། ད་དུང་ཕྱི་ལོ་ ༡༩༥༠ ་ལོ་རབས་ནང་རྒྱ་ནག་གིས་རྒྱ་བསྐྱེད་རིང་ལུགས་ཀྱི་ལས་དོན་སྤེལ་བ་ནས་རིམ་པས་བོད་བཙན་བཟུང་བྱས་བ་དང་། ཐེ་ཝན་ལ་ཕྱོགས་གང་ཐད་ནས་གནོན་ཤུགས་སྤྲོད་བཞིན་པ་ཉེ་བའི་ཆར་ཐེ་ཝན་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་སྐུ་ཚབ་གཏོང་རྒྱུར་བཀག་འགོག་བྱེད་ཡོད་པ། དེ་བཞིན་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་མནར་གཅོད་རྒྱུན་ཆད་མེད་པར་གཏོང་བཞིན་པ་དང་། ཧོང་ཀོང་གི་དམངས་གཙོའི་ཐོབ་ཐང་དང་ལམ་ལུགས་མེད་པར་བཟོ་ཐབས་བྱེད་བཞིན་པ། ལྷག་པར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་སྐོར་འཛམ་གླིང་ལ་སྦས་གསང་བྱས་བ་སོགས་ལ་ཕྱོགས་མང་པོ་ནས་རྒྱ་ནག་ལ་སྐྱོན་བརྗོད་དང་ངོ་རྒོལ་ཡོང་བཞིན་པ་རེད།
ད་དུང་གནས་ཚུལ་ནང་། ཉེ་དུས་རྒྱ་གར་གྱི་ལ་དྭགས་ས་མཚམས་(Galwan)་ལུང་གཤོངས་སུ། རྒྱ་གར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་འཛིང་ཤོར་ནས་རྒྱ་གར་གྱི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་ཡོད་ཀྱང་། རྒྱ་ནག་གི་ངོས་ནས་རང་གི་དམག་མི་ཤི་རྨས་བྱུང་བའི་གནས་ཚུལ་ཆེད་མངགས་སྦས་གསང་བྱེད་བའི་བྱ་སྤྱོད་ནི་ཧ་ཅང་གི་ཐབས་སྡུག་དང་སྐྱུག་བྲོ་བོ་ཡིན་པའི་བྱ་སྤྱོད་ཐེར་འདོན་བྱས་ཡོད་པ་བཀོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།