རྒྱ་ནག་ནང་ཕཱ་རན་སིའི་ཁེ་ལས་ཚོང་ཁང་ལ་ངོ་རྒོལ་ཉུང་དུ་ཕྱིན་པ།

རྒྱ་ནག་ནང་ཕཱ་རན་སིའི་ཁེ་ལས་ཚོང་དོན་ཁང་ཁཱེརེ་ཕཱོར་ལ་ ངོ་རྒོལ་གྱི་ལས་འགུལ་རིགས་ཉུང་དུ་ཕྱིན་ཡོད་འདུག

2008.05.02

༄༅༎གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་ཕཱ་རན་སིའི་ཁེ་ཕན་དངོས་ཟོག་ཚོང་དོན་ཁང་ཁཱེརེ་ཕཱོར་གྱི་མདུན་སློབ་ཕྲུག་

གཙོས་པའི་རྒྱ་མི་བརྒྱ་ཕྲག་གིས་ངོ་རྒོལ་བྱས་པའི་རྗེས་ད་རེས་གཟའ་པ་སངས་ཉིན་ཚོང་དོན་ཁང་དེ་ཡོད་སའི་རྒྱ་ནག་གི་ས་ཁུལ་

མང་ཆེ་བའི་རྒྱུན་ལྡན་བཞིན་ཚོང་ཁང་སྒོ་ཕྱེ་ཡོད་པ་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཡང་མི་གྲངས་ཕྲན་བུ་ཙམ་མ་གཏོགས་མེད་ཅིང༌། རྒྱ་ནག་གི་གྲུང་ཆིང་གྲོང་ཁྱེར་ནང་ཡོད་པའི་ཁཱེརེ་ཕཱོར་ཚོང་ཁང་གི་ལས་བྱེད་ཅིག་ནས་ཚེས་གཉིས་ཉིན་ཚོང་དོན་དེའི་སྒོ་འགྲམ་དུ་སློབ་ཕྲུག་

ཁ་ཤས་ཤིག་གིས་ཤིང་སྦྱང་འཁྱེར་ནས་ཡོང་མཁན་ཡོད་པ་ལས་ དེ་མིན་ངོ་རྒོལ་བྱེད་མཁན་མེད་པ་དང༌། ཚོང་ཁང་ཡང་རྒྱུན་ལྡན་བཞིན་སྒོ་ཕྱེས་ནས་ཚོང་ལས་སྤེལ་གྱི་ཡོད་པ་ཁ་པར་བརྒྱུད་ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་གྱི་འདྲི་བར་

ལན་འདེབས་བྱས་བཞག དེ་མིན་རྒྱ་ནག་གི་ཧྲན་ཡང་དང་པེ་ཅིན་སོགས་ས་ཁུལ་ཁག་ནང་གཟའ་པ་སངས་ཉིན་ངོ་རྒོལ་

བྱེད་མཁན་མཐོང་རྒྱུ་མེད་པ་ཚོང་ཁང་ནང་ལས་ཁ་བྱེད་མཁན་ཚོས་འགྲེལ་བརྗོད་བྱས་འདུག ཉེ་དུས་ཨོ་ལིམ་ཕིག་རྩེད་འགྲན་དཔལ་འབར་ཕཱ་རན་སིའི་ནང་བསྐོར་བསྐྱོད་དུ་འཁྱེར་བའི་སྐབས་ངོ་རྒོལ་གྱི་ལས་འགུལ་

ཤུགས་ཆེ་སྤེལ་བ་དང༌། དེ་བཞིན་ཕཱ་རན་སིའི་ཁེ་ལས་ཚོང་དོན་ཁང་ཁཱེརེ་ཕཱོར་ཡིས་བོད་ཀྱི་དབུ་འཁྲིད་

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་འབྱོར་རོགས་དངུལ་ཕུལ་ཡོད་ལུགས་བརྗོད་ནས་རྒྱ་ནག་ནང་

ཚོང་དོན་ཁང་དེའི་དངོས་ཟོག་ཉོ་རྒྱུ་མཚམས་འཇོག་དགོས་ལུགས་སོགས་ཀྱི་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་། ད་ཆ་རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་དེ་རིགས་མུ་མཐུད་སྤེལ་ཚེ་ལས་འགུལ་གྱི་ངོ་བོར་འགྱུར་ལྡོག་འགྲོ་རྒྱུར་ཞེད་སྣང་དང་

དེ་བཞིན་རྒྱ་ནག་དང་ཕཱ་རན་སིའི་དབར་གྱི་འབྲེལ་ལམ་སོགས་ཀྱི་ཐོག་ནས་ངོ་རྒོལ་ལས་འགུལ་གྱི་ནུས་པ་ཆུང་དུ་གཏོང་གི་ཡོད་པ་ནི་། དེའི་གོང་ཨིན་ཌའི་དྲ་རྒྱའི་ཐོག་ཚོང་དོན་ཁང་དེའི་མིང་རྒྱབ་ཚེ་ངོ་རྒོལ་གྱི་ལས་འགུལ་དང་དེ་བཞིན་རྩོམ་ཡིག་སོགས་མང་དག་མཐོང་རྒྱུ་

ཡོད་པ་ད་ཆ་ཚང་མ་མེད་པ་བཟོས་ནས་མཐོང་རྒྱུ་མེད་པ་ཆགས་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎