ཟི་ཁྲོན་ཁུལ་བོད་མིའི་དམ་བསྒྲགས་ཀྱི་ཉེན་བརྡ།

ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ནས་བོད་མིའི་དྲག་གནོན་བྱེད་རྒྱུའི་ཉེན་བརྡ་བཏང་བ།

2012.02.27

༄༅༎ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལིའུ་ཆི་བའོ་ཡིས་ཀིརྟི་དགོན་པ་དང༌། བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་བྱུང་ཡུལ་ཉེ་འཁོར་གི་ས་གནས་ཁག་ནང་ལྟ་སྐོར་བྱས་འདུག
རྒྱ་ནག་གཞུང་གིས་གཉེར་བའི་ཟི་ཁྲོན་ཉིན་རེའི་ཚག་པར་ནང༌། ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལིའུ་ཆི་བའོ་ཡིས་རྔ་པ་དང་དཀར་མཛེས་ཁུལ་ལྟ་སྐོར་བྱ་སྐབས་བོད་པའི་དགེ་འདུན་པ་དང་མི་མང་ཚོར་ ཁ་བྲལ་རིང་ལུགས་ལ་ངོ་རྒོལ་དང་ཁྲིམས་ལ་བརྩི་བསྐུར་བྱ་དགོས་རྒྱུའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་དང༌། ལིའུ་ཡིས་ཀིརྟི་དགོན་པའི་གྲྭ་དམངས་ཚོར་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱ་དགོས་ལུགས་བརྗོད་པ་གོང་ཞུས་གསར་ཤོག་དེས་ལུང་འདྲེན་བྱས་འདུག
ལིའུ་ཆི་བའོ་ཡིས་བརྗོད་དོན། ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་དང་ནག་ཉེས་གསག་པའི་རིགས་ཚང་མའི་ཐོག་ང་ཚོས་སེམས་ཐག་ཆོད་པོའི་སྒོ་ནས་དམ་བསྒྲགས་བྱས་ཏེ། རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང༌། མི་རིགས་ཕན་ཚུན་དབར་གྱི་མཐུན་སྒྲིལ།རྒྱུན་ལྡན་ལྟར་སྤྱི་ཚོགས་གཏན་ལྷིང་གལ་ཆེན་རྩིས་པ་ཡིན་ན། མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་གྲུབ་རྒྱུ་དང༌། ཆོས་དད་རང་དབང་སྲུང་སྐྱོབ་བྱེད་ཐུབ་ཀྱི་རེད།
ཁྲིམས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན་པ་དང༌། གྲྭ་པ་དང་བཙུན་མ་སུ་འདྲ་ཞིག་ཡིན་རུང་དང་པོ་རྒྱལ་ཁབ་ཀྱི་མི་སེར་ཡིན་སྟབས། ཁྲིམས་ཀྱི་ནང་ལ་
མ་ཚུད་པ་དགོན་པ་གཅིག་ཀྱང་མེད་ལ། ཁྲིམས་འོག་མ་འདུས་པའི་མི་གཅིག་ཀྱང་མེད་ཅེས་ ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལིའུ་ཆི་བའོ་ཡིས་འགྲེལ་བརྗོད་བྱས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་རི་ངོས་སུ་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎