མཚོ་བོད་ལྕགས་ལམ་གཞི་རྩེ་བར་བསྐྲུན་ཟིན་འདུག

2014-07-23
གློག་འཕྲིན།
མཆན།
Share
པར་བཀོད།
མཚོ་བོད་ལྕགས་ལམ་བརྒྱུད་ལྷ་སར་ཡོང་མཁན་གྱི་རྒྱ་མི་གཉིས།
མཚོ་བོད་ལྕགས་ལམ་བརྒྱུད་ལྷ་སར་ཡོང་མཁན་གྱི་རྒྱ་མི་གཉིས།
དྲ་བཤུས། Aygulmipo

ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གསར་བསྐྲུན་ཟིན་པ་ཟླ་བ་རྗེས་མ་ནས་འགོ་འཛུགས་བྱ་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག
དེ་ཡང་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན། མཚོ་བོད་མེ་འཁོར་ལྕགས་ལམ་གྱི་ཆ་ཤས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མེ་འཁོར་ལྕགས་ལམ་གསར་བསྐྲུན་ཟིན་པ་ཚེས༢༢ཉིན་ཚོད་ལྟ་བྱས་ཏེ་ལྕགས་ལམ་གསར་པའི་ཐོག་མེ་འཁོར་འགྲོ་རྒྱུག་དངོས་སུ་ཟླ་བ་རྗེས་མ་ནས་འགོ་འཛུགས་བྱ་རྒྱུ་ཡིན་སྐོར་སྤེལ་ཡོད་པ་དང་།
རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༣༦༠༠ནས་༤༠༠༠བར་ཡོད་པའི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་དེའི་རིང་ཚད་ཀི་ལོ་མི་ཊར་༢༥༣དང་། མེ་འཁོར་བབས་ཚུགས་༡༣ཡོད་པ་དེ་ནི། རྒྱ་ནག་གཞུང་གི་ལོ་ལྔའི་འཆར་གཞི་ཐེངས་༡༢པའི་སྐབས་ཀྱི་བོད་རང་སྐྱོང་ལྗོངས་ཁུལ་གྱི་ལས་འཆར་ཆེ་ཤོས་ཞིག་ཡིན་པ་རེད།
རིང་ཚད་ཀི་ལོ་མི་ཊར་༡༩༥༦ ཡོད་པའི་མཚོ་བོད་ལྕགས་ལམ་གྱི་ལྷོ་སྣེ་བབས་ཚུགས་འཁེལ་སའི་གྲོང་ཁྱེར་ལྷ་ས་དེ་བཞིན་བཟོ་བསྐྲུན་གསར་རྒྱག་ཟིན་པའི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མེ་འཁོར་ལྕགས་ལམ་གྱི་ཤར་ངོས་བབས་ཚུགས་དང་པོ་དེ་ཡིན་པ་དང་། ལྕགས་ལམ་དེའི་ཐོག་མེ་འཁོར་རྒྱུག་ཚད་ཆ་སྙོམས་ཆུ་ཚོད་གཅིག་ལ་ཀི་ལོ་མི་ཊར་༡༢༠ཙམ་རེད་འདུག དེ་སྔོན་གོར་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་སྐབས་ཁོར་ཡུག་ལ་མི་གནོད་པའི་དོགས་ཟོན་བྱས་པ་དངགཅིག་མཚུངས་ད་རེས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གསར་བཟོའི་སྐབས་ཟབ་ནན་བྱས་ཡོད་པ་དང་། བོད་ལྷོ་ནུབ་ཁུལ་གནས་སྡོད་བྱེད་མཁན་མི་མང་འབུམ་བདུན་གྱི་འགྲིམས་འགྲུལ་གྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་བོད་རང་སྐྱོང་ལྗོངས་མེ་འཁོར་ལས་ཁུངས་ཀྱི་ངེས་སྟོན་པ་གཞོན་པ་YangYulin་གིས་བརྗོད་འདུག
འོན་ཀྱང་བོད་མི་དང་གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་གིས་བོད་ནང་ལྕགས་ལམ་གསར་བསྐྲུན་དང་རྒྱ་བསྐྱེད་བྱེད་བཞིན་པ་ནི། བོད་ནང་མི་སེར་སྤོ་ཤུགས་ཆེ་རུ་གཏོང་ཐབས་དང་། གཏེར་ཁ་ཚོད་མེད་སྔོག་སྐྱེལ་ཆེད་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།