བོད་ལྷ་ས་ནས་རྒྱང་ཐག་ཀི་ལོ་མི་ཊར་༨༡སར་ས་ཡོམ།

ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུ་ལྔ་བྱས་པ་ཞིག་བརྒྱབ་འདུག་ཀྱང་མི་དང་དངོས་པོ་གང་རུང་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་མི་འདུག

2010-11-30
Share

༄༅༎ཨ་མི་རི་ཀའི་ས་དབྱིབས་རྟོགས་ཞིབ་ཁང་གིས་བརྗོད་པར་གཞིགས་ན་ གཟའ་མིག་དམར་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱང་ཐག་ཀི་ལོ་མི་ཊར་༨༡ཙམ་ཆོད་པའི་ས་གནས་ཞིག་ཏུ་བོད་ཀྱི་ཉིན་རྒྱབ་ཆུ་ཚོད་བཞི་དང་སྐར་མ་༣༩ཙམ་ལ་ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུ་ལྔ་བྱས་པ་ཞིག་བརྒྱབ་འདུག་ཀྱང་ མི་དང་དངོས་པོ་གང་རུང་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

བོད་ནང་ས་ཡོམ་ཀྱི་དོན་རྐྱེན་ལ་སོགས་པ་རང་འབྱུང་གི་གནོད་འཚེ་བྱུང་སྐབས་དེའི་ཉེན་སྐྱོབ་ཀྱི་ལས་དོན་ཁག་སྤྱི་ཚོགས་བདེ་དོན་ཚན་པས་སྤེལ་དགོས་ཀྱི་ཡོད་ཅིང་ཕེརནསི་གསར་སྤེལ་ལས་ཁང་གིས་འདམ་ཞུང་རྫོང་གི་ལས་ཁུངས་སུ་ཁ་པར་བཏང་སྐབས་ རྫོང་དེའི་འོག་གི་གྲོང་ཁྱེར་བརྒྱད་ཡོད་པ་དེ་དག་གི་ནང་ས་ཡོམ་གྱི་རྐྱེན་པས་མི་རྒྱུ་གང་རུང་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་པ་འགྲེལ་བརྗོད་བྱས་འདུག་པ་དང་ ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ས་ཡོམ་རྟོག་ཞིབ་ལས་ཁུངས་སུ་ཕེརནསིའི་གསར་ལས་ཁང་གིས་འདྲི་ཞིབ་བྱས་སྐབས་ལྷ་སར་ས་ཡོམ་འགུལ་ཤུགས་ཆེན་པོ་བྱུང་མེད་པ་འགྲེལ་བརྗོད་བྱས་འདུག།

འདི་ལོ་ཕྱི་ཟླ་བཞི་པའི་ཚེས་༡༤ཉིན་བོད་ཤར་ཕྱོགས་རྒ་སྐྱེ་རྒུ་མདོའི་ནང་ས་ཡོམ་འགུལ་ཚད་དྲུག་དང་གྲངས་ཆུ་དགུ་བརྒྱབ་སྟེ་སྡོད་ཁྱིམ་སྟོང་ཕྲག་མང་པོ་རྩ་མེད་བཏང་པ་དང་ཉུང་མཐར་མི་གྲངས་༢༧༠༠ཙམ་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་ཧ་ལས་པའི་ཚབས་ཆེ་ཞིག་བྱུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།