༸གོང་ས་མཆོག་ཆོས་འབྲེལ་མཛད་འཆར་བསྐྱངས་གནང་བཞིན།

༸གོང་ས་མཆོག་ཨ་མི་རི་ཀའི་ལྦི་སི་ཀོན་སིན་མངའ་སྡེའི་ནང་ཉིན་དྲུག་རིང་ཆོས་འབྲེལ་མཛད་འཆར་བསྐྱངས་གནང་མཛད་བཞིན་ཡོད་པ་རེད།

2008-07-24
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ཨ་མི་རི་ཀའི་ལྦི་སི་ཀོན་སིན་མངའ་སྡེའི་གྲོང་ཁྱེར་མེ་ཌི་སེན་ནང་ཕྱི་ཚེས་༡༩ནས་བཟུང་ཉིན་གྲངས་དྲུག་རིང་ཆོས་འབྲེལ་མཛད་འཆར་བསྐྱངས་གནང་མཛད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་༢༤ཉིན་ བྱང་ཨ་མི་རི་ཀའི་ནང་གི་བོད་རིགས་ཚོས་ ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་རེད།

བདུན་ཕྲག་འདིའི་ནང་༸གོང་ས་མཆོག་གིས་ ཁུལ་དེར་ཡོད་པའི་རི་དྭགས་མཚལ་ནང་པའི་ཆོས་ཚོགས་ཀྱིས་གསར་བཞེངས་ཞུས་པའི་གཙུག་ལག་ཁང་དབུ་འབྱེད་རབ་གནས་བསྩལ་གནང་མཛད་པ་དང༌། ཚེས་༡༩ཉིན་དད་ལྡན་ཆོས་ཞུ་བ་ཕྱི་རྒྱལ་དང་བོད་རིགས་སྟོང་ཕྲག་མང་པོར་བཀའ་སློབ་དང་འདས་པའི་ཉིན་གྲངས་འགའ་ཤས་རིང་མང་ཚོགས་ལ་གསུང་ཆོས་བསྩལ་གནང་མཛད་ཡོད་པ་རེད།

མེ་ཌི་སེན་ནང་༸གོང་ས་མཆོག་གི་ཆིབས་བསྒྱུར་ལ་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་ཞུ་གི་ཡོད་པ་མ་ཟད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་༸གོང་ས་མཆོག་གི་མཛད་འཆར་སྐོར་གནས་ཚུལ་རྒྱང་སྲིད་ཞུ་ཕྱིར་ཁུལ་དེར་གསར་འགོད་པ་ཆེད་བཅར་ཞུས་ཡོད་པའི་སྐོར་ ཨིསི་ཐི་མ་སེ་ ཞེས་པའི་ས་གནས་ཀྱི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།