ཕར་ཕྱོགས་ནས་འཁྲུག་རྐྱེན་སློང་ཚེ་དེར་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་ཡོད་པ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་ལ་དྭགས་ནས་གསུངས་འདུག

2021.06.28
ཕར་ཕྱོགས་ནས་འཁྲུག་རྐྱེན་སློང་ཚེ་དེར་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་ཡོད་པ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་ལ་དྭགས་ནས་གསུངས་འདུག རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱ་ཇི་ནཱ་ཐི་སིང་(Rajnath Singh)་རྒྱ་གར་གྱི་མཐའ་མཚམས་སུ་གཟིགས་སྐོར། ༦།༢༧།༢༡
Rajnath Singh/twitter

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱ་ཇི་ནཱ་ཐི་སིང་(Rajnath Singh)་རྒྱ་གར་གྱི་མཐའ་མཚམས་ལ་དྭགས་སུ་ཕྱོགས་ཕེབས་གནང་སྟེ་ཉིན་གཉིས་རིང་ས་མཚམས་ཁུལ་གྱི་དམག་དོན་ཐད་གཟིགས་ཞིབ་གནང་བཞིན་ཡོད་འདུག
འདི་ཚེས་༢༧་ཉིན་ནས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱ་ཇི་ནཱ་ཐི་སིང་(Rajnath Singh)་ལགས་རྒྱ་གར་གྱི་མཐའ་མཚམས་ལ་དྭགས་སུ་ཕྱོགས་ཕེབས་གནང་སྟེ། བོད་དང་ས་འབྲེལ་ས་མཚམས་ཁུལ་གྱི་རྒྱ་གར་གྱི་དམག་སྡེ་ཁུལ་ཁག་གི་དཔོན་རིགས་རྣམས་དང་ཐུག་འཕྲད་གནང་ཡོད་པ་དང་། ཚེས་༢༧་ཁོང་གིས་ལ་དྭགས་ཁུལ་གི་དམག་མི་ཚོར་གཏམ་བཤད་གནང་སྐབས། ང་ཚོ་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཞིག་ཡིན་པས་ང་ཚོས་དྲག་རྒོལ་གྱི་རྐྱེན་རྩ་ནམ་ཡང་སློང་གི་མ་རེད། ཡིན་ནའང་ཕར་ཕྱོགས་ནས་འཁྲུག་རྐྱེན་སློང་བ་ཡིན་ན། ང་ཚོས་འོས་འཚམས་ཀྱི་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་ཡོད། ཞེས་གསུངས་འདུག
རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་བཞིན་པ་ལྟར་ན། འདས་ལོར་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་བའི་རྗེས། ཕྱོགས་གཉིས་བར་གྲོས་མོལ་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ས་མཚམས་སུ་ཕྱོགས་བསྐྱོད་གནང་བ་འདི་ནི་རྒྱ་དཀར་ནག་གི་དམག་མི་རྣམས་སྤང་གོང་མཚོ་ཁུལ་ནས་ཕྱིར་འཐེན་བྱས་བའི་རྗེས་ས་མཚམས་སུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎