བོད་མིའི་གཞིས་ཆགས་སྲ་བརྟན་བཟོ་རྒྱུ་ལས་དོན་ཨང་དང་པོ་ཡིན།

2016-07-22
གློག་འཕྲིན།
མཆན།
Share
པར་བཀོད།
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག ༢༠༡༦
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག ༢༠༡༦
PTI

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། བོད་མིའི་གཞིས་ཆགས་སྲ་བརྟན་བཟོ་རྒྱུ་དེ་ནི་ནང་སྲིད་ལས་ཁུངས་ཀྱི་ལས་དོན་མང་པོའི་ནང་ནས་གལ་གནད་ཆེ་ཤོས་ཨང་དང་པོ་རྩིས་གནང་གི་ཡོད་སྐོར་གསུངས་འདུག
དེ་ཡང་ཤམ་བྷ་ལའི་ཕོ་ཉ་ཞེས་པའི་གསར་ཤོག་གིས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་གནད་དོན་མང་པོའི་ཐོག་བཀའ་འདྲི་ཞུས་སྐབས། ནང་སྲིད་ལས་ཁུངས་ཀྱི་ཕྱག་ལས་གལ་ཆེ་མང་པོའི་ནང་ནས་གཙོ་གནད་ཆེ་ཤོས་ཨང་དང་པོ་དེ་ནི་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དང་ཚགས་ཚུད་བཟོ་རྒྱུ་དེ་ཡིན་སྐོར་དང་། འདས་པའི་ལོ་གཉིས་དང་ཕྱེད་ཀ་ལྷག་རིང་རྒྱ་གར་གཞུང་དང་མཉམ་དུ་ཕྱག་ལས་གནང་སྟེ་རྒྱ་གར་གཞུང་ནས་བོད་མིའི་གཞིས་ཆགས་ཐོག་འཛིན་པའི་སྲིད་ཇུས་ཀྱི་གོ་རིམ་སྒྲིག་པ་ཡིན་ལུགས་དང་། ལས་དོན་དེ་དག་གྲུབ་པ་བྱ་རྒྱུར་རྒྱ་གར་གྱི་འཛིན་སྐྱོང་ལྷན་དུ་སྒེར་གྱི་འབྲེལ་ལམ་ཡག་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་འདས་པའི་ལོ་༤༥་ལྷག་རིང་དེ་ལྟར་རེད་ཅེས་དང་། རྒྱ་གར་གཞུང་ངོས་ནས་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་རོགས་རམ་ག་རེ་གནང་དགོས་མིན་སྲིད་ཇུས་གསལ་པོ་ཞིག་མེད་སྐོར་ཡང་གསུངས་འདུག
ཡང་ཁོང་གིས་བོད་མི་སྐྱབས་བཅོལ་བ་ཧ་ཅང་མང་པོ་གཞིས་ཆགས་ཁག་ནང་ཡོད་པ་དང་། དེའི་ཐོག་རྒྱ་གར་གཞུང་གིས་ཕྱག་རོགས་ཆེན་པོ་གནང་ཡོད་པ་རེད། དཔེར་ན་བོད་མི་སྐྱབས་བཅོལ་བ་བརྒྱ་ཆ་༤༥་ཙམ་རྒྱ་གར་ལྷོ་ཕྱོགས་Karnataka་མངའ་སྡེའི་ནང་གི་གཞིས་ཆགས་ཁག་ནང་ཡོད་པ་དང་བོད་མི་དེ་དག་མང་ཆེ་བ་ཕྱི་ལོ་༡༩༥༠་ང་གྲངས་དང་༦༠་རེ་གྲངས་ནང་བོད་ནས་བྲོས་བྱོལ་དུ་ཕེབས་པ་ཤ་སྟག་ཡིན་པ་དང་། ཁོང་རྣམས་ཕལ་ཆེ་བ་བོད་ནང་ཞིང་པ་ཡིན་སྐོར་དང་། ས་ཞིང་འདེབས་ལས་ཁོ་ནར་གཞིག་པའི་བོད་མིའི་གཞིས་ཆགས་ཆེ་ཁག་བསྡོམས་༡༢་ཡོད་པ་དང་། དེ་དག་མང་ཆེ་བ་རྒྱ་གར་ལྷོ་ཕྱོགས་ལ་ཡོད་ལུགས་དང་ཡང་བོད་མིའི་གཞིས་ཆགས་ཁག་གི་ས་ཆ་ཁག་སྲུང་སྐྱོབ་དང་བོད་མིར་ཁྲལ་ཆ་ཡངས་ཐོབ་རྒྱུ་གཙོས་པའི་དོན་ཚན་༡༥་བྱས་པ་ཞིག་རྒྱ་གར་གཞུང་ལ་ཞུས་ཡོད་སྐོར་ཡང་གསུངས་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།