མདོ་ལྷོ་ཕྱོགས་སུ་བོད་མི་ཚོས༧གོང་ས་མཆོག་གི་ཞབས་རིམ་གསོག་སྒྲུབ།


2017.01.11
ཀན་ལྷོའམ་མདོ་ལྷོ་རྨ་ཆུ་ཕྱོགས་ཀྱི་ས་ཁྲ། ཀན་ལྷོའམ་མདོ་ལྷོ་རྨ་ཆུ་ཕྱོགས་ཀྱི་ས་ཁྲ།
Photo: RFA

༧གོང་ས་མཆོག་ལ་བརྟན་བཞུགས་ཆེད་མདོ་ལྷོ་ཕྱོགས་སུ་བོད་མི་ཚོས༧གོང་ས་མཆོག་གི་ཞབས་རིམ་གསོག་སྒྲུབ་གནང་བཞིན་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་བཀའ་དབང་སྩལ་བཞིན་པའི་དུས་དེར་བོད་ནང་བོད་མི་ཚོས་རྒྱལ་བའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། མདོ་སྨད་ཀན་ལྷོའམ་མདོ་ལྷོ་རྨ་ཆུ་ཕྱོགས་ཀྱི་སྡེ་བ་མང་པོ་ཞིག་གི་བོད་མི་ཚོས་ཉིན་ལྟར་རྒྱལ་བའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་དང་། བོད་མི་ཞིག་གིས་བརྗོད་དོན། ད་བར་རྨ་ཆུ་ནུར་མ་གོང་མའི་ཕྱོགས་ཀྱི་དད་ལྡན་མང་ཚོགས་ཀྱིས་རྒྱལ་བའི་སྐུ་ཚེ་ཞབས་བརྟན་གྱི་ཆེད་དུ་མ་ཎི་ཁྲི་༢༦་དང་། སྐྱབས་འགྲོ། རྐྱང་ཕྱག་གང་མང་དང་། ཡང་རྨ་ཆུའི་ནུར་མ་འོག་མའི་ཕྱོགས་ཀྱི་དད་ལྡན་མང་ཚོགས་ནས་སྒྲོལ་མ་ཚར་གསུམ་སྟོང་དྲུག་བརྒྱ་དང་། གདུགས་དཀར་ཐུང་བ་ཚར་གསུམ་སྟོང་དང་དྲུག་བརྒྱ། སྒྲོལ་མ་ཉེར་གཅིག་ཚར་བརྒྱ། དེ་མིན་ཁ་འདོན་དགེ་སྦྱོར་གང་ཐུབ་བྱེད་བཞིན་ཡོད་པ་དང་། ད་དུང་ཆུ་ཁ་མའི་ཕྱོགས་ཀྱི་མང་ཚོགས་ནས་མ་ནི་ཁྲི་ལྔ་དང་སྨྱུང་གནས་སྲུང་བ་། རྨ་ཆུའི་ཉི་མའི་ཕྱོགས་ནས་མ་ཎི་བྱེ་བ་གཉིས་དང་སྨྱུང་གནས་ཉིས་བརྒྱ་སྲུང་བ། ཐང་སྐོར་ཕྱོགས་ནས་མ་ཎི་ཚར་ཁྲི་གསུམ་དང་ལྔ་བརྒྱ་བཅུ་གསུམ། སྐྱབས་འགྲོ་བརྒྱ་ཚར་གསོག་གྲུབ་གནང་བའི་ཁར། སྐད་འཕྲིན་ནང་དུ་བཙུགས་པའི་སྟོང་ཤག་ཚོགས་པའི་ཚོགས་མི་ཚོས་སྟོང་ཤག་ཚར་གསུམ་བརྒྱ་དང་། ཞབས་བརྟན་མ་ནི་ཚོགས་པའི་ཚོགས་མི་ནས། མ་ཎི་བྱེ་བ་༧༠
དང་། ཚེ་རིང་མ་སྡེ་བའི་མང་ཚོགས་ནས་མ་ཎི་ཁྲི་༦༠་དང་། རྐྱང་ཕྱག་སྟོང་། སེམས་ཅན་གཉིས་ཚེ་ཐར་བཏང་བ་དང་། བྱ་རོག་ཕྱོགས་ནས་མ་ནི་ཁྲི་༤༥་དང་། རྨ་ཁུ་དར་ར་ཕྱོགས་ནས་མ་ནི་ཁྲི་༡་དང་སྐྱབས་འགྲོ་ཁྲི་༤། དམིགས་བརྩེ་མ་ཁྲི་༤་རྟ་མགྲིན་གྱི་སྔགས་ཁྲི་༤་། སྒྲོན་མའི་སྔགས་དང་གུ་རུའི་སྔགས་ཁྲི་རེ་རེ་། སྒྲོན་མ་ཐུང་བ་ཁྲི་༡་བཅས་རྨ་ཆུའི་ཁུལ་གྱི་སྡེ་བ་བཅུ་ཡིས་དེང་སྐབས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་༣༤སྩལ་རྗེས་ཀྱི་བརྟན་བཞུགས་སྐབས་འབུལ་བ་ཡིན་ཚུལ་སོགས་བརྗོད་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎