ཆོས་ཚོགས་ཐེངས་བཅུ་བཞི་པ་བཞུགས་སྒར་དུ་སྐོང་ཚོགས་གནང་རྒྱུ།

2019-11-26
གློག་འཕྲིན།
མཆན།
Share
པར་བཀོད།
ཆོས་ཚོགས་ཐེངས་བཅུ་གཅིག་པའི་སྐབས་ཀྱི་སྐུ་པར།
ཆོས་ཚོགས་ཐེངས་བཅུ་གཅིག་པའི་སྐབས་ཀྱི་སྐུ་པར།
Itibetan.org

དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་ས་དགེ་བཀའ་རྙིང་ཇོ་ནང་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་གྱི་ཚོགས་ཆེན་ཐེངས་བཅུ་བཞི་པ་དེ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༡༡ ཚེས་ ༢༧ ནས་༢༩ བར་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་པ་རེད།

ཆོས་ཚོགས་དེའི་ཐོག་དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེ་མཆོག སྟག་ལུང་ཞབས་དྲུང་སྐུ་ཚབ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་མཆོག རྙིང་མའི་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་སོགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་སྐུ་ཚབ་རྣམ་པ་ཆེད་ཕེབས་གནང་རྒྱུ་ཡིན་འདུག ལ།  གཞན་ཡང་ཆེད་དུ་གདན་འདྲེན་ཞུས་པའི་མཁན་བླ་སྤྲུལ་དང་དགེ་བཤེས་དང་དགེ་བཤེས་མ་སོགས་ཚོགས་བཅར་བ་ ༡༢༠ སྐོར་ཡོད་པ་བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

བླ་ཆེན་རྣམ་པ་དབུ་བཞུགས་ཀྱི་ཚོགས་ཆེན་འདིའི་ཐོག་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་དང་། ཆོས་བརྒྱུད་དང་ཆོས་ལུགས་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གོང་འཕེལ་གཏོང་ཐབས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག་ལ། དེ་བཞིན་ཚོགས་ཆེན་འདིའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྱང་བཀའ་བསྡུར་འབྱུང་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

ཚེས་༢༩ སྟེ་ཚོགས་ཆེན་ཉིན་མཐའ་མའི་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་འདུག

བོད་བརྒྱུད་ནང་པའི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་༡༤པ་དེ་ཕྱི་ལོ་༢༠༡༨ ལོའི་ནང་འཚོགས་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། སྐབས་དེར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་རྫོགས་པར་མྱ་ངན་གུས་བཏུད་མཚོན་ཕྱིར་སྔ་འགྱུར་རྙིང་མ་གཙོ་བོར་གྱུར་བའི་བླ་སྤྲུལ་མཁན་སློབ་ཆེ་ཁག་མང་པོ་ཞིག་གོང་གསལ་གནས་ཚུལ་ལ་བརྟེན་ནས་ཚོགས་འདུར་ཕེབས་སྟབས་མི་འགྲིག་པ་འགྱུར་ངེས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཕྱིར་འགྱངས་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།