རྒྱ་གཞུང་ནས་ཆོས་བྱེད་མི་སྣར་སྡང་ཟུག་བྱེད་བཞིན་པའི་ཐད་ཨ་རིས་ཐེར་འདོན་གནང་དགོས།

2018-10-09
གློག་འཕྲིན།
མཆན།
Share
པར་བཀོད།
The Heritage སྲིད་བྱུས་ཉམས་ཞིབ་དགེ་རྩ་ཁང་གི་སྲིད་བྱུས་ཉམས་ཞིབ་པ་ ཨོ་ལི་ཝི་ཡ་ ཨེ་ནོསྀ་ Olivia Enos ལགས།
The Heritage སྲིད་བྱུས་ཉམས་ཞིབ་དགེ་རྩ་ཁང་གི་སྲིད་བྱུས་ཉམས་ཞིབ་པ་ ཨོ་ལི་ཝི་ཡ་ ཨེ་ནོསྀ་ Olivia Enos ལགས།
ཨོ་ལི་ཝི་ཡ་ ཨེ་ནོསྀ་ Olivia Enos ལགས་ཀྱི་ཊུ་ཊར་དྲ་གནས།

རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ནང་ཆོས་བྱེད་མི་སྣར་སྡང་ཟུག་བྱེད་བཞིན་པའི་ཐད་ཨ་མི་རི་ཀས་ཐེར་འདོན་དང་ཐེ་བྱུས་གནང་དགོས་པའི་སྐོར་ཨ་རིའི་སྲིད་བྱུས་ཉམས་ཞིབ་པ་ཞིག་གིས་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་འདི་སྤྱི་ཚོགས་རྙིང་པའི་ལམ་ལུགས་ཐོག་བསྐྱར་གསོ་བྱེད་རྒྱུའི་ཆེད་དུ་བོད་དོན་འཐབ་རྩོད་བྱེད་བཞིན་ཡོད་པའི་དྲིལ་བསྒྲགས་བྱེད་བཞིན་པའི་ཐོག རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་དེ་བཅིངས་གྲོལ་ཡིན་ལུགས་དང་།  དེ་བཞིན་ཕྱིའི་འཛུགས་སྐྲུན་གྱི་ཐོག་ནས་བོད་མི་ཡོངས་ལ་ཕན་རླབས་ཆེ་བའི་བོད་ནང་ཡར་རྒྱས་བཏང་ཡོད་སྐོར་བརྗོད་ཀྱི་ཡོད་ནའང་། འཛམ་གླིང་ཆབ་སྲིད་ཀྱི་གནད་དོན་ལ་དབྱེ་ཞིབ་གནང་མཁན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱེད་པའི་ཧེ་རི་ཊེཇ་  The Heritage སྲིད་བྱུས་ཉམས་ཞིབ་དགེ་རྩ་ཁང་གི་སྲིད་བྱུས་ཉམས་ཞིབ་པ་ ཨོ་ལི་ཝི་ཡ་ ཨེ་ནོསྀ་ Olivia Enos ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐེ་བས་རྒྱ་ནག་ཁྱོན་གྱི་ཆོས་ཕྱོགས་ཀྱི་བསྟི་གནས་དང་གོམས་སྲོལ་བཅས་པར་སྡང་འཛིན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཡང་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ།  རྒྱ་ནག་དང་བོད་ནང་ཆོས་ཕྱོགས་ཀྱི་མི་སྣ་དང་བསྟི་གནས། དགོན་པ་དང་ལྷ་ཁང་སོགས་ལ་སྡང་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་སྐབས་འདིར། ཨ་མི་རི་ཀས་དེ་དག་ལ་ཐེ་བྱུས་དང་བཀག་འགོག་བྱེད་པའི་དུས་སུ་སླེབས་ཡོད་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཨོ་ལི་ཝི་ཡ་ཨེ་ནོསྀ ལགས་ཀྱིས་བོད་ནང་གི་གནས་སྟངས་ཐད་མུ་མཐུད།  བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྡང་འཛིན་གྱི་སྲིད་བྱུས་འཛིན་མཁན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཁྲན་ཆུའཎ་ཀོ་ཡིས་གཙོས་རྒྱ་
གཞུང་དཔོན་རིགས་ཚོའི་ཐོག་ཨ་མི་རི་ཀས་ཐོངས་མཆན་བཀག་འགོག་སོགས་ཀྱི་དོ་དམ་བྱེད་དགོས་པའི་དགོངས་ཚུལ་ཤུགས་ཆེ་གསུངས་ཤིང་།  བླ་རུང་སྒར་དང་ཡ་ཆེན་སྒར་གྱི་དགོན་པ་གྲྭ་ཤག་བཅས་པ་གཏོར་བཤིག་དང་། དགེ་བཙུན་ཚོད་འཛིན་བྱེད་བཞིན་པ་སོགས་ཉེ་དུས་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱས་པ་ལུང་འདྲེན་གནང་པ་དང་།  དེ་བཞིན་ཉེ་བའི་ཆར་རྒྱ་ནག་ནང་ཡེ་ཤུའི་ལྷ་ཁང་མང་པོ་བཙན་དབང་འོག་སྒོ་རྒྱག་བཅུག་པ་དང་ལྷ་ཁང་རྩེ་ཐོག་ཏུ་ཡོད་པའི་མཚོན་དོན་རྒྱ་གྲམ་རྩ་བཀོག་བཏང་བ་སོགས་ཀྱི་གནས་ལུགས་གསལ་བཤད་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཨ་རིའི་ཧེ་རི་ཊེཇ་སྲིད་ཇུས་ཉམས་ཞིབ་དགེ་རྩ་ཁང་གི་འཛམ་གླིང་ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ ཨོ་ལཱི་ཝི་ཡ་ ཨེ་ནོསྀ་ལགས་ཀྱིས་ རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆོས་དང་རིག་གཞུང་།  སྐད་ཡིག་བཅས་པ་སྲུང་སྐྱོབ་འབྱུང་ཐབས་སུ་རྒྱ་ནག་རྩ་ཁྲིམས་སྒྲོམ་གཞིའི་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་ཤར་སྐྱོད་གནང་བཞིན་པར་རྒྱབ་སྐྱོར་དང་སྦྲགས།  ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་བྲལ་རིགས་གང་ཡང་རྩོད་གནང་གི་མེད་པ་དང་།  ལོ་གཉིས་ཀྱི་གོང་དགེ་རྩ་ཁང་དེའི་ནང་དབུ་མའི་ལམ་གྱི་ཐོག་ལ་བགྲོ་གླེང་ཡང་བྱུང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།།
གསར་འགོད་པ་བཀྲིས་དབང་ཕྱུག

མཆན། (0)
Share
དྲ་གནས་ཆ་ཚང༌།