རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་སྲིད་འཛིན་འོས་བསྡུར་ཞུགས་རེ།

རྒྱ་ནག་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་ཕྱི་ལོ་༢༠༡༢་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་ཞུགས་འདོད་ཡོད་པ།

2011.01.02

༄༅༎རྒྱ་ནག་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ཇོན་ཧན་སི་མེན་ནས་ཕྱི་ལོ་༢༠༡༢་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་ཞུགས་འདོད་ཡོད་པའི་རྣམ་འགྱུར་ཤུགས་ཆེ་ཞིག་གསལ་སྟོན་གནང་བཞིན་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་སྐད་ཡག་པོ་བསྐྱོན་མཁན་གྱི་ཨ་རིའི་གཞུང་ཚབ་ཆེན་མོ་ཇོན་ཧན་སི་མེན་ནི་རྒྱ་ནག་ནང་གཞུང་ཚབ་ཀྱི་ལས་འཁུར་མ་བཞེས་གོང་ཨ་མི་རི་ཀའི་ཡུའུ་ཀྲའ་མངའ་སྡེའི་སྤྱི་ཁྱབ་འགན་འཛིན་ཡིན་པ་དང་ ཁོང་ནས་༢༠༠༨ཀྱི་འོས་བསྡུའི་ནང་སྲིད་འཛིན་ཨོ་སྦ་མའི་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཇོན་མེ་ཀེན་གྱི་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་འགན་འཁུར་གནང་མཁན་གཙོ་བོའི་གྲས་ཤིག་ཡིན་པ་དང་ ཨ་རིའི་སྲིད་འཛིན་མཆོག་གིས་འོས་ཐོབ་ཀྱི་རྗེས་སུ་ཁོང་ལ་རྒྱ་ནག་ནང་གཞུང་ཚབ་ཏུ་བཀོད་གཏོང་གནང་བ་འདིས་སྐབས་དེར་སྲིད་དོན་དབྱེ་ཞིབ་པ་ཚོས་སྲིད་འཛིན་ཨོ་སྦ་མས་ཕྱིས་བྱུང་ཕྱི་ལོ་༢༠༡༢ཀྱི་འོས་བསྡུའི་ནང་ཁོང་ལ་འགྲན་བསྡུར་ཐུབ་པའི་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ནུས་ལྡན་ཞིག་༢༠༡༢ལོར་ཁ་གཏད་དུ་ཐོན་མི་ཐུབ་པའི་ཐབས་ཤེས་བཟང་པོ་ཞིག་བྱུང་ཡོད་པར་ངོས་འཛིན་ གནང་ཡོད་པ་རེད་

དེ་ལྟར་ཡང་ད་རེས་ཨ་རིའི་ནིའུ་སི་ལྦིཀ་Newsweekདུས་དེབ་ཀྱིས་གཞུང་ཚབ་ཆེན་མོ་ཇོན་ཧན་སི་མེན་ལ་ཁོང་༢༠༡༢་ཀྱི་སྲིད་འཛིན་གྱི་འོས་མིར་ཞངས་འཆར་ཡོད་མེད་བཀའ་དྲིས་ཞུས་པའི་སྐབས་སུ་ ཁོང་གིས་ངོས་ཀྱི་ནུས་པ་གང་ཡོད་ད་ལྟ་རང་གི་ལས་འཁུར་དེའི་ཐོག་བཏོང་བཞིན་ཡོད་ལ་ ཡིན་ནའི་ལས་ཀ་འདི་མུ་མཐུད་ནས་བྱེད་ནས་སྡོད་ཡ་ཞིག་མ་རེད་ཅེས་གོ་དོན་ཞིག་སྤེལ་ཡོད་པ་དང་ ཡང་གཞུང་ཚབ་ཆེན་མོ་མཆོག་དང་བློ་ཐག་ཉེ་པོ་ཡོད་པའི་མི་སྣ་ཚོས་ཁོང་ནས་ཉེ་ལམ་ཨ་རིའི་ནང་ཕྱོགས་བསྐྱོད་སྐབས་སུ་ཕྱིས་འབྱུང་སྲིད་འཛིན་གྱི་འོས་བསྡུར་ཞངས་རྒྱུའི་གནད་དོན་གྱི་སྐོར་འབྲེལ་ཡོད་མི་སྣའི་ལྷན་བཀའ་བསྡུར་གནང་ཡོད་པའི་སྐོར་ཡང་ངོ་སྤྲོད་གནང་བའི་གནས་ཚུལ་བཀོད་ཡོད་པ་རེད་ ཇོན་ཧན་སི་མེན་ནི་ཨ་རིའི་ནང་ཚོང་པ་འབྱོར་ལྡན་ཞིག་བུ་ཡིན་པ་དང་ ཁོང་ལ་རྒྱ་གར་དང་རྒྱ་ནག་གཉིས་ནས་བདག་སྐྱོང་གནང་བའི་བོུ་གསོ་ཕྲུག་གཉིས་ཀྱི་གཙོས་ཕྲུ་གུ་བདུན་ཡོད་པ་དང་ གལ་ཏེ་ཁོང་སྲིད་འཛིན་འོས་མིར་ཞངས་པ་ཡིན་ན་ ཁོང་ཨ་རིའི་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ཁུངས་སུ་དགོངས་པ་གུ་ཡངས་བཞེས་མཁན་གྱི་འོས་མི་ནུས་ལྡན་ཞིག་འགྱུར་གྱི་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎