བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ།


2017.01.24
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་བ་སྐུ་ཞབས་ཨན་ཊོ་ནིའོ་ཏ་ཇ་ནི་(Antonio Tajani)མཆོག ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་བ་སྐུ་ཞབས་ཨན་ཊོ་ནིའོ་ཏ་ཇ་ནི་(Antonio Tajani)མཆོག
tibet.net

སྦར་སེལ་དོན་གཅོད་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་བར་འཚམས་འདྲི་དང་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
སྐུ་ཞབས་ཨན་ཊོ་ནིའོ་ཏ་ཇ་ནི་Antonio Tajani་མཆོག་ཉེ་ལམ་ཡོ་རོབ་གྲོས་ཚོགས་European Parliament་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བར་དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྦར་སེལ་ Brussels་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད་པ་རེད།
དེ་ཡང་Brussels་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱིས་གསུངས་དོན། བོད་མི་རྣམས་ཀྱིས་ཡོ་རོབ་གྲོས་ཚོགས་འདི་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་དང་། ལྷག་པར་ཉམ་ཐག་མགོན་མེད་རྣམས་ཀྱི་མགོན་སྐྱབས་དམ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཕྱོགས་མཚུངས་སྐུ་ཉིད་མཆོག་གི་ལས་ཡུན་རིང་རྒྱ་ནག་དང་འབྲེལ་བ་གནང་ནས་བོད་ཀྱི་གནད་དོན་གསལ་ཐབས་གནང་རྒྱུ་དང་། ལྷག་པར་གཞིས་ལུས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ངེས་པར་དུ་གནང་རྒྱུའི་རེ་བ་ཞུས་འདུག
ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ནི་ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་སྤྱི་མཐུན་ཚོགས་པར་དམིགས་བསལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ༧གོང་ས་མཆོག་ལྟ་བུར་མཚོན་ན། ཡོ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་རྒྱལ་ཁབ་མང་པོ་སྤྱི་པའི་སྒྲིག་འཛུགས་གཅིག་གི་འོག་མཉམ་གནས་བྱ་རྒྱུའི་གཞི་རྩའི་འཆར་སྣང་དེར་རྒྱབ་སྐྱོར་མཛད་མཁན་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད། དེང་སྐབས་རྒྱལ་ཁབ་ཕན་ཚུན་དེ་སྔ་ལས་ལྷག་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་དངོས་ཡོད་འཛམ་གླིང་གི་གནས་སྟངས་འདིའི་འོག་ཡོ་རོབ་སྤྱི་མཐུན་ཚོགས་པ་དཔེ་མཚོན་དུ་འཇོག་གནང་མཛད་ནས་ཡུལ་གྲུ་གཞན་ཚོས་ཀྱང་ཡོ་རོབ་སྤྱི་མཐུན་ཚོགས་པར་མིག་དཔེ་བལྟ་དགོས་པའི་ལམ་སྟོན་ཡང་མཛད་བཞིན་ཡོད།
བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྱུང་འགྱུར་བོད་མི་རིགས་ཀྱི་གནད་དོན་སེལ་ཆེད། ཧྥ་རན་སིའི་གྲོང་ཁྱེར་སི་ཌར་སི་སྦག་Strasbourg་ཏུ་ཞི་བའི་དོན་ཚན་ལྔ་ཞེས་པའི་སྲིད་བྱུས་འདོན་གནང་མཛད་པ་ནས་བཟུང་ཡུ་རོབ་གྲོས་ཚོགས་སུ་ཡང་ཡང་ཆིབས་སྒྱུར་གནང་མྱོང་ཡོད་པ་མ་ཟད། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཀྲིན་ཤུ་ཛི་Martin Shulz་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སི་ཌར་སི་སྦག་གྲོས་ཚོགས་ནང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་པའི་སྐོར་དང་། དེ་བཞིན་ཡོ་རོབ་གྲོས་ཚོགས་ནས་ཀྱང་བོད་དོན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་ཐོག་གྲོས་ཆོད་མི་ཉུང་བ་ཞིག་བཞག་གནང་ཡོད། ལྷག་པར་གཞིས་ལུས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་དང་དང་རེ་འདུན་ཞུས་གནང་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎