ཁེ་ན་ཌའི་ཨོན་ཋེ་རི་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ལྷན་ཚོགས།


2019.11.30
ཁེ་ན་ཌའི་ཨོན་ཋེ་རི་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ལྷན་ཚོགས། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་ཨོན་ཋེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མིར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གཙོ་བོར་གྱུར་བའི་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་ནན་སྐུལ་ཞུས་འདུག
དཀར་པོ་ཆེ་བུ་འཁྲིད་ལགས།

ཁེ་ཎ་ཌའི་ཨོ་ཋེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་དབུ་ཁྲིད་པོལ་ཁ་ལན་ཌྲ་(Paul Calandra) དབུ་ཞུགས་ཐོག་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལྷན་ཚོགས་ཤིག་གནང་བའི་སྐབས་ལྷན་ཚོགས་ཐོག་ཨོན་ཋེ་རི་ཡོ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་མི་ཋེ་རེ་ས་ཨམ་སཊྲོངྒ་(Teresa Armstrong) ལགས་དང་། པར་སི་ཧེཊ་ཕིལཌ་(Percy Hatfield) ལགས། ཨེ་ཕི་(Effie) ལགས། པཱརམ་གྷིལ་(Parm Gill) ལགས། མཡི་ཁལ་པར་ས(Michael Persa) ལགས། དེ་བཞིན་དཀར་པོ་ཆེ་བུ་འཁྲིད་(Bhutila Karpoche) ལགས་བཅས་མཉམ་ཞུགས་གནང་ཡོད་འདུག དཀར་པོ་ཆེ་བུ་འཁྲིད་ལགས་ནི་བྱང་ཨ་མི་རི་ཀའི་ནང་གཞུང་གི་མཐོ་རིམ་མི་སྣར་འོས་འདེམས་བྱུང་བ་བོད་རིགས་ཐོག་མ་དེ་ཡིན་པ་དང་། ཁོང་ནི་ཨོན་ཋེ་རི་ཡོ་གྲོས་ཚོགས་ཀྱི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། ཁོང་གིས་ཁེ་ཎ་ཌའི་བོད་དོན་ཚོགས་ཆུང་དང་། བོད་མིའི་རིག་གཞུང་ཚོགས་པ་དང་ལྷན་དུ་ཐེངས་འདིའི་ལྷན་ཚོགས་དེ་གོ་སྒྲིག་གནང་བ་ཞིག་ཡིན་འདུག དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་ཨ་རི་བོད་ཀྱི་སྐུ་ཚབ་དན་གཅོད་དངོས་གྲུབ་ཚེ་རིང་ལགས་སུ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ངོ་སྤྲོད་གནང་ཐོག་ཁོང་ལ་འོས་བསྡུའི་རྒྱལ་ཁ་བྱུང་བའི་རྗེས་ནས་ད་བར་བོད་དོན་སྐོར་ག་རེ་གནང་ཡོད་མེད་སྐོར་གསུངས་འདུག ཡང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་དང་། གྲོས་ཚོགས་ཀྱི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཟུར་པ་ཨ་རིཕ་ཝི་རཱ་ནི་(Arif Virani)ལགས་དང་ལྷན་དུའང་མཇལ་འཕྲད་ཀྱང་གནང་ཡོད། ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཁེ་ཎ་ཌའི་ནང་སྐུ་ཚབ་དོན་གཅོད་ལས་ཁང་ནས་གོ་སྒྲིག་གནང་བའི་རྒྱ་རིགས་དང་ལྷན་དུ བགྲོ་གླེང་གནང་རྒྱུའི་ལས་འཆར་ཞིའི་ཐོག་ཁེ་ཎ་ཌའི་ནང་ཕེབས་པ་ཞིག་ཡིན་འདུག སྐུ་ཚབ་དོན་གཅོད་དང་ལྷན་དུ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱང་ཕེབས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎