ཨོ་སི་ཀྲོ་ལི་ཡར་ཡོད་པའི་བོད་གཞུང་སྐུ་ཚབ་ཀྱི་འཚམས་གཟིགས།

བཙན་བྱོལ་བོད་གཞུང་གི་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ཨེ་ཌི་ལི་ཡེདྲ་ཁུལ་དུ་འཚམས་གཟིགས་ཕེབས་ཡོད་པའི་གནས་ཚུན་ཐོན་འདུག

2010.12.23

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཨོ་སི་ཀྲོ་ལི་ཡ་བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཟླ་བ་འདིའི་ཚེས་༡༨ནས་ཚེས་༢༢བར་ཨོ་སི་ཀྲོ་ལི་ཡའི་ལྷོ་ཕྱོགས་གྲོང་ཁྱེར་ཨེ་ཌི་ལི་ཡེདྲ་ཁུལ་གནས་སྡོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་བཅས་དང་མཇལ་མོལ་སྐོར་བསྐྱོད་ཕེབས་ཡོད་པ་རེད་ 

ཕྱི་ཚེས་༡༨ཉིན་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམ་ལགས་ནས་ཨེ་དྲི་ལི་ཡེདྲ་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་ཚོགས་མི་དང་ཤར་ཏུར་ཀེ་སི་ཏན་ཚོགས་པའི་ཚོགས་གཙོ་ལྷན་རིག་གཞུང་སྲུང་སྐྱོབ་དང་ལས་འགུལ་སྤེལ་ཕྱོགས་སྐོར་ནང་ཁུལ་བསམ་ཚུལ་བརྗེ་རེས་གནང་ཡོད་པ་དང་ དགོང་དྲོ་ཁུལ་དེའི་ནང་རྟེན་གཞི་བྱས་པའི་མཁན་ཟུར་བཀའ་འགྱུར་རིན་པོ་ཆེའི་ཆོས་ཚོགས་སུ་ཨེ་དྲི་ལི་ཡེདྲ་ བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྐོང་ཚོགས་གནང་ཞིང་ཚོགས་འདུ་དེའི་ཐོག་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱའི་འབྲེལ་ལམ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར། བཙན་བྱོལ་ནང་མང་གཙོའི་ལམ་ལུགས་དང་། བཀའ་ཁྲི་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་དང་ སྐུ་དབང་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་མིས་ཚོས་བོད་ཀྱི་རྩ་དོན་ཐོག་དོ་ཁུར་དགོས་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་གཞོན་སྐྱེས་ཚོར་ལམ་སྟོན་སློབ་ཁྲིད་དང་བོད་ཀྱི་ཆབ་འབངས་ཡིན་པའི་ཆ་ནས་དང་བླང་དཔྱ་ཁྲལ་དུས་ཐོག་འབུལ་དགོས་པ་དང་། བཀའ་ཁྲིའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ནང་ཞུགས་རྒྱུའི་ཐོབ་ཐང་ལེན་གལ་ཆེ་བ་བཅས་འགྲེལ་བརྗོད་གནང་བཞག གཞན་ཡང་སྐུ་ཚབ་དོན་གཅོད་ལགས་ཀྱིས་ཉེ་ལམ་བོད་ནང་རྒྱ་ནག་གཞུང་གི་བོད་ཀྱི་སློབ་གྲ་ཁག་ནང་བོད་པའི་སྐད་ཡིག་ལས་རྒྱ་ཡིག་གཙོ་བོར་གྱུར་བའི་ཤེས་ཡོན་སྲིད་ཇུས་ལ་བོད་པའི་སློབ་ཕྲུག་རྣམས་ནས་ངོ་རྒོལ་བྱས་པའི་བྱུང་རྐྱེན་སྐོར་དང་། ༸གོང་ས་མཆོག་གིས་རྒས་ཡོལ་དུ་ཕེབས་རྒྱུ་ཡིན་ཞེས་བཀའ་སྩལ་ཡོད་པའི་གནད་དོན་སོགས་ ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎