དོན་གཅོད་མཆོག་ཧྥ་རན་སིའི་གྲོས་ཚོཊ་འཐུས་མིར་མཇལ་འདུག


2017.01.25
སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་མཆོག་ཧྥ་རན་སིའི་གྲོས་ཚོཊ་འཐུས་མི་དང་མཇལ་སྐབས། ༢༠༡༧།༡།༢༣ སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་མཆོག་ཧྥ་རན་སིའི་གྲོས་ཚོཊ་འཐུས་མི་དང་མཇལ་སྐབས། ༢༠༡༧།༡།༢༣
tibet.net

ཧྥ་རན་སིའི་གྲོས་ཚོཊ་ནང་དུའང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐུབ་པ་གནང་རོཊ་ཞེས་སྦར་སེལ་སྐུ་ཚབ་དོན་གཅོད་མཆོག་གིས་འབོད་སྐུལ་ཞུས་འདུག
དེ་ཡང་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཟླ་དང་པོའི་སྤྱི་ཚེས་༢༤་ཉིན་ཧྥ་རན་སིའི་གྲོས་ཚོགས་འོག་མའི་ནང་བཅར་ནས། གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལས་རོགས་སྐུ་ཞབས་ཇེན་པེ་ཊིག་གི་ལེ་མཆོག་(Jean-Patrick GILLE)དང་། ནུ་ཝེལ་མ་མེར་མཆོག(Noel MAMERE)་བཅས་བར་མཇལ་འཕྲད་གནང་སྟེ། ཧྥ་རན་སིའི་ཡུལ་གྱི་རྩ་ཁྲིམས་ནང་ཧ་ཅང་གཙིགས་ཆེར་འཛིན་བཞིན་པའི་གཞི་རྩའི་རང་དབང་དང་། དྲང་བདེན། འདྲ་མཉམ་སོགས་ཀྱི་རིན་ཐང་ལ་ཆེ་མཐོང་དང་བརྩི་བཀུར་ཧ་ཅང་ཞུ་བཞིན་པའི་ཁྱད་ཆོས་དེ་དག་ལུང་འདྲེན་གནང་བ་དང་སྦྲགས། བོད་དོན་ཐོག་ལའང་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པ་དེར་བཀའ་དྲིན་རྗེས་དྲན་ཞུས་ནས། ཉེ་ལམ་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་དང་། གྲྭ་བཙུན་རྣམས་བཙན་དབང་འོག་དགོན་པ་ནས་ཕྱིར་ཕུད་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་བརྒྱུད་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོགས་དགོས་པའི་གྲོས་ཆོད་བཞག་པ་ལྟར། གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་ཧྥ་རན་སིའི་གྲོས་ཚོགས་ནང་མགྱོགས་མྱུར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐུབ་པ་གནང་རོགས་ཞེས་རེ་སྐུལ་ཤུགས་ཆེ་གནང་འདུག   
སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་གཉིས་ཀྱིས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་མ་ཟད། ལྷག་པར་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་བོད་ཙམ་མ་ཟད། ཨེ་ཤེ་ཡ་དང་འཛམ་གླིང་ཁྱོན་དུ་ཤུགས་རྐྱེན་ཧ་ཅང་ཐེབས་བཞིན་ཡོད་པར་བརྟེན་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག
ཧྥ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཐོག་མར་ཕྱི་ལོ་༡༩༩༠ ལོར་དབུ་ཚུགས་གནང་བ་དང་། ཧྥ་རན་སིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་གྲངས་༤༥་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎