རྒྱ་ནག་གིས་བོད་མིར་བལྟ་སྲུང་དམ་དྲག་ཤུགས་ཆེ་རུ་བཏང་འདུག

2016-05-23
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་དམག་མིས་གཞི་ཀ་རྩེར་ངོ་རྒོལ་བ་འགོག་ཐབས་ཀྱི་དམག་སྦྱོང་བྱེད་བཞིན་པ། ༢༠༡༥།༡༠།༢༤
རྒྱ་ནག་གི་དམག་མིས་གཞི་ཀ་རྩེར་ངོ་རྒོལ་བ་འགོག་ཐབས་ཀྱི་དམག་སྦྱོང་བྱེད་བཞིན་པ། ༢༠༡༥།༡༠།༢༤
དྲ་བཤུས།/HRW

ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་འདི་ཚེས་༢༣ཉིན་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གིས་བོད་ནང་བོད་མི་རྣམས་ཀྱི་ཞི་བའི་ངོ་རྒོལ་ཐོག་དྲག་གནོན་གྱི་རྐྱེན་པས་བཀག་ཉར་ཁྲིམས་གཅོད་དང་། ཉེས་འཛུགས་མང་པོ་བཏང་ཡོད་པའི་སྐོར་བཀོད་གནང་འདུག།  
དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པའི་འགན་འཛིན་Sophie Richardson གྱིས་སྙན་ཐོའི་ནང་དོན་ཐོག་གསུངས་དོན་ལ། རྒྱ་ནག་གིས་ངོ་རྒོལ་དང་ངོ་ལོག་ཐོག་ཁ་གཏད་དྲག་གནོན་གྱི་ལས་འགུལ་གྱི་དམིགས་ས་གཙོ་བོ་བོད་མི་རྣམས་ཡིན་པ་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཐུབ་མཁན་གྱི་ནུས་པ་ཡོད་པ་དེ་བོད་མི་ཡིན་པ་ངོས་འཛིན་གྱི་ཐོག་ནས་བོད་མིའི་ཐོག་བལྟ་སྲུང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པའི་ངོ་སྤྲོད་གནང་འདུག།
ད་དུང་ཕྱི་ལོ་༢༠༡༣་ནས་༢༠༡༥་དུས་ཡུན་ནང་རྒྱ་ནག་གི་ཞི་བདེ་བརྟན་ལྷིང་གི་ལས་འགུལ་ནང་ཆབ་སྲིད་དང་འབྲེལ་བ་སྦྱར་ནས་བོད་མི་རྣམས་འཛིན་བཟུང་བཀག་ཉར་དང་། ཁྲིམས་གཅོད་དང་ཉེས་འཛུགས་ཤུགས་ཆེ་རུ་བཏང་བའི་བརྒྱུད་རིམ་གྱི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པའི་སྐོར་ནན་བརྗོད་གནང་འདུག།  
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པའི་ཤོག་གྲངས་༨༦་ཡོད་པའི་སྙན་ཐོའི་ནང་བོད་ནང་གསར་འགོད་པ་དང་། ཉམས་ཞིབ་པ། སྒེར་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོགས་འགྲོ་བསྐྱོད་ཀྱི་གནས་ཚུལ་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆའི་ནང་བཏོན་པ་མཐོང་རྒྱུ་མེད་པ་དེ་ཁོང་གིས་འབུར་བཏོན་གནང་འདུག།    

གསར་འགོད་པ་ཀརྨ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།