བོད་ནང་བླ་མ་རྫུན་མ་འཁྲབ་མཁན་ཚོར་དམ་བསྒྲགས་བྱེད་པ།

རྒྱ་ནག་ཁུལ་དུ་བོད་པའི་བླ་མ་རྫུན་མ་འགྲོ་མཁན་ཐོག་དམ་དྲག་ནན་པོ་གནང་བཞིན་ཡོད་པའི་གནས་ཚུལ་ཞིག་ཐོན་འདུག
2011-12-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞི་བཟུང་བོད་ཀྱི་ཁམས་སྡེ་དགེ་རྫ་སྟོད་ཁུལ་གྱི་སྤྲུལ་སྐུ་ཚེ་ཕུན་ཞུ་བ་ཞིག་གིས། རྒྱ་ནག་ཁུལ་དུ་བོད་པའི་བླ་མ་རྫུན་མ་འགྲོ་མཁན་ཐོག་དམ་དྲག་ནན་པོ་གནང་བཞིན་ཡོད་པའི་གནས་ཚུལ་ཞིག་འདི་ག་རླུང་འཕྲིན་ཁང་ལ་འབྱོར་སོང༌།
༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་སྦྱིན་རླབས་ལ་རྟེན་ནས་དེང་སང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང། ནང་ཆོས་དར་ཁྱབ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་ཁུལ་ནང་ཆོས་ལ་དད་པ་བྱེད་མཁན་གྱི་གྲངས་འབོར་དེའང་ཇི་མང་དུ་འགྲོ་བཞིན་ཡོད་པར་བརྟེན། བོད་ནང་ནས་རྒྱ་ནག་དུ་བོད་པའི་བླ་མ་རྫུན་མ་འཁྲབ་ནས་འགྲོ་མཁན་མི་ངན་རེ་བཟུང་གིས་རྒྱ་རིགས་ལགས་ནས་དངུལ་མང་པོ་ལེན་གྱི་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ལྟར་མི་ཡོང་བའི་བཀའ་སློབ་ཡང་ནས་ཡང་དུ་གནང་གི་ཡོད་པ་ལྟར། སྡེ་དགེ་རྫ་སྟོད་བོན་པོའི་དགོན་པ་ཞིག་གི་སྤྲུལ་སྐུ་ཚེ་ཕུན་ཞུ་བས། ཉེ་ཆར་ས་གནས་དེའི་ཁུལ་གྱི་དགོན་སྡེ་ཁག་ནས་རྒྱ་ནག་ནང་འགྲོ་མཁན་གྱི་བླ་མ་ཚོའི་ཐོག་དམ་དྲག་ཤུགས་ཆེ་གནང་ནས་ཚོགས་ཆེན་ཞིག་སྐོང་ཚོགས་དང་འབྲེལ།ཚོགས་ཆེན་དེའི་ཐོག་དགེ་འདུན་པ་༡༤ཙམ་གྱི་མིང་ཐོ་བཏོན་གནང་ནས། ད་ནས་བཟུང་དགེ་འདུན་པ་དེ་རྣམས་རྒྱ་ནག་དུ་འགྲོ་བསྐྱོད་བྱས་པ་ཡིན་ན། དགོན་པའི་སྒྲིག་ཁུངས་ནས་ཕྱིར་འབུད་གནང་རྒྱུའི་ཁྱབ་སྒྲགས་གནང་འདུག།
ད་དུང་སྤྲུལ་སྐུ་ཚེ་ཕུན་མཆོག་གིས་ས་གནས་དེའི་ཁུལ་གྱི་འབྲོག་སྡེ་དང་གྲོང་གསེབ་ཚང་མར་སྐུ་རྒྱག་འཆོམ་རྐུན་བྱེད་མཁན་ཐོག་ལ་དམ་དྲག་གནང་གི་ཡོད་སྟབས། ད་ལྟའི་ཆར་ས་ཁུལ་ནས་དེའི་ནང་མི་དགེ་བའི་ལས་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།