རི་ཅདྲ་གིཡར་ལགས་སུ་ཆེ་བསྟོད་བྱ་དགའ་འབུལ་འཆར།

ཨ་རིའི་གློག་བརྙན་ཁྲབ་སྟོན་པ་དང༌བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཅདྲ་གིཡར་ལགས་སུ་ཆེ་བསྟོད་ཀྱི་བྱ་དགའ་འབུལ་གཏན་འཁེལ་འདུག

2011-12-24
Share

༄༅༎ཨ་རིའི་གློག་བརྙན་ཁྲབ་སྟོན་པ་དང༌བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་རི་ཅདྲ་གིཡར་ལགས་སུ་ཇོཇ་ཨིསིཏ་མེན་(George Eastman)ཞེས་པའི་ཆེ་བསྟོད་ཀྱི་བྱ་དགའ་འབུལ་གཏན་འཁེལ་འདུག
དེ་ཡང་ཨ་རིའི་མངའ་སྡེ་ནིའུ་ཡོག་གི་གྲོང་ཁྱེར་རོ་ཆེ་སི་ཀྲར་ནས་འདོན་སྤེལ་བྱས་པའི་རོ་ཆེསི་ཀྲར་ཀོ་རོ་ནི་ཀལ་(Rochester Chronicle)གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལམ་གྱི་གཟེངས་བསྟོད་བྱ་དགའ་དེ་བཞིན་ ཕྱི་ལོའི་ཟླ་བ་གཉིས་པའི་ཚེས་ ༡༦ ཉིན་ གྲོང་ཁྱེར་རོ་ཆེསི་ཀྲར་ནང་རྟེན་གཞི་བྱེད་པའི་ཇོཇ་ཨིསིཏ་མེན་ཚོགས་ཁང་ཆེན་མོའི་ནང་འབུལ་གཏན་འཁེལ་ཡོད་པ་དང༌། བྱ་དགའ་དེ་སྐུ་ཞབས་རི་ཆདྲ་གིཡར་ལ་འབུལ་དགོས་པའི་རྒྱུ་མཚན་ནི། ཁོང་གིས་གློག་བརྙན་ཁྲབ་སྟོན་དང༌། སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐོག་བྱས་རྗེས་ཆེན་པོ་བཞག་གནང་བའི་མཛད་རྗེས་ལ་བསྔགས་བསྟོད་ཞུ་ཆེད་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག
བྱ་དགའ་དེ་བཞིན་སྙན་གྲགས་ཅན་གྱི་ཨིསིཏ་མེན་(Eastman Kodak Company)ཞེས་པའི་དཔར་གྱི་བཟོ་ཚོང་ལས་ཁང་ཐོག་མར་གསར་འཛུགས་གནང་མཁན་ཇོཇ་ཨིསིཏ་མེན་གྱི་མཚན་ཐོག་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང༌། བྱ་དགའ་དེ་ཐོབ་མཁན་སྔོན་མའི་གྲས་སུ། སྙན་གྲགས་ཅན་གྱི་གློག་བརྙན་བཟོ་བསྐྲུན་པ་མའར་ཀྲིན་སི་ཀོར་སི་དང༌། གློག་བརྙན་འཁྲབ་སྟོན་པ་ལྕམ་མེ་རིལ་སི་ཀྲིརིཔ་བཅས་བྱུང་ཡོད་པའི་གནས་ཚུལ་བཀོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།