ཀམ་བོ་ཌི་ཡའི་མི་མང་ཉམས་ཐག་མང་པོར་དོ་ཕོག་གི་ཉེན་ཁ།

ཀམ་བོ་ཌི་ཡའི་ནང་ཁྲིམས་གཞི་གསར་གཏོད་བྱེད་འཆར་དེའི་འོག་ནས་མི་མང་ཉམས་ཐག་མང་པོར་དོ་ཕོག་ཐེབས་ཉེན་ཡོད་པའི་གནས་ཚུལ་འདུག
2009-12-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཀམ་བོ་ཌི་ཡའི་ནང་ཁྲིམས་གཞི་གསར་གཏོད་བྱེད་འཆར་དེའི་འོག་ནས་མི་མང་ཉམས་ཐག་མང་པོར་དོ་ཕོག་ཐེབས་ཉེན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཀམ་བོ་ཌི་ཡའི་གྲོས་ཚོགས་ནས་ས་ཆའི་བདག་དབང་ཐོག་གྲོས་ཆོད་ཅིག་བཞག་ཡོད་པ་དེའི་འོག་ནས་སྒེར་བདག་ཅན་གྱི་ས་ཁང་མང་པོ་ཞིག་དང་། ལྷག་པར་དུ་གྲོང་གསེབ་ཁག་ཅིག་མི་མང་མང་པོ་ཞིག་གི་ས་ཁང་ཕྱིར་བསྡུ་བྱ་རྒྱུའི་ཁོངས་སུ་ཚུད་ཀྱི་ཡོད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་ཡང་ཕི་ནོམ་པེན་གྲོང་ཚོའི་ཁོངས་སུ་ཆགས་པའི་མི་མང་ཉམས་ཐག་བཞི་བརྒྱ་ལྷག་ཙམ་གྱི་སྡོད་ཁང་བདག་དབང་ཐོག་རྩོད་རྙོག་ཆགས་ཀྱི་ཡོད་པ་དང་དེའི་ཁོངས་ནས་མི་གྲངས་བདུན་བཅུ་དོན་བཞིའི་ཁང་ཕྱིར་བསྡུ་བྱེད་རྒྱུར་ངེས་པར་བརྟེན་དེ་དག་གི་དཀའ་ངལ་མི་ཡོང་བའི་ཆེད་དུ་གཞུང་ནས་གཟིགས་རྟོག་གནང་དགོས་ལུགས་ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འབོད་སྐུལ་ཞུས་ཡོད་པ་རེད།

སྤྱིར་བཏང་ཀམ་བོ་ཌི་ཡའི་ནང་དེ་སྔ་ཕྱི་ལོ་༡༩༧༠བཅུའི་ནང་ཁེ་མེར་རུ་ཅིའི་གུང་བྲན་རིང་ལུགས་ཀྱི་དུས་སུ་མང་ཚོགས་ཀྱི་ས་ཁང་ས་ཞིང་གི་བདག་དབང་སོགས་དམ་བསྒྲགས་བྱས་པའི་སྐབས་མི་མང་པོའི་བདག་དབང་གི་ཡིག་ཆ་རྩ་མེད་བཟོས་པ་བཅས་ཀྱིས་ད་ཆ་ཡིག་ཆ་མེད་པའི་དཀའ་ངལ་འཕར་མ་ཞིག་འཕྲད་ཀྱི་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།