ཐའེ་ལེན་དྲའི་ནང་སྐྱབས་བཅོལ་སླེབས་པའི་མོང་མི་རིགས་སྐོར།

ཐའེ་ལེན་དྲི་ནང་སྐྱབས་བཅོལ་ཞུ་མཁན་མོང་གྲངས་ཉུང་མི་རིགས་སྟོང་ཕྲག་འགའ་ཤས་ཐའེ་ལེན་དྲི་གཞུང་གིས་ལའོསི་རུ་ཕྱིར་སློག་བཏང་འདུག
2009-12-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དམར་ཤོག་གི་ཡུལ་གྲུ་ལའོསི་ནས་ཐའེ་ལེན་དྲི་ནང་སྲིད་དོན་སྐྱབས་བཅོལ་ཞུ་མཁན་མོང་གྲངས་ཉུང་མི་རིགས་སྟོང་ཕྲག་འགའ་ཤས་ཐའེ་ལེན་དྲི་གཞུང་གིས་ལའོསི་རུ་ཕྱིར་སློག་བཏང་པར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་སྲིད་དོན་མི་སྣ་ཚོས་མོང་མི་རིགས་དེ་དག་གི་བདེ་འཇགས་ལ་ཉེན་ཁ་འབྱུང་སྲིད་པར་བློ་འཚབ་བྱེད་བཞིན་ཡོད་པ་རེད།

ཨ་མི་རི་ཀའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞུ་སྐུལ་བྱས་མིན་ལ་མ་ལྟོས་པར་ཐའེ་ལེན་དྲིའི་དཔུང་དམག་གིས་ཡུལ་དེའི་ནང་སྲིད་དོན་སྐྱབས་བཅོལ་ཞུ་བར་ཡོང་མཁན་མོང་མི་རིགས་སྟོང་ཕྲག་བཞི་ཙམ་ལའོསི་རུ་གཟའ་ཟླ་བའི་ཉིན་ཕྱིར་སློག་བྱས་ཟིན་པ་བརྗོད་ཡོད་པ་རེད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མོང་མི་རིགས་དེ་དག་ལ་ལའོསི་ནང་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་ཚུལ་བཞིན་འབྱུང་མིན་ཐད་བློ་འཚབ་ཆེན་པོ་ཡོད་པ་བརྗོད་འདུག།

མོང་མི་རིགས་ནི་ལྷོ་ཤར་ཨེ་ཤི་ཡའི་ནང་གི་གྲངས་ཉུང་མི་རིགས་ཤིག་ཡིན་ཞིང་མི་རིགས་དེས་ལོ་རབས་དྲུག་བཅུ་དང་བདུན་བཅུའི་ནང་གི་ལྦི་ཏི་ནམ་གྱི་དམག་འཁྲུག་སྐབས་ཨ་རིའི་ཕྱོགས་སུ་གཏོགས་ཏེ་དམར་ཤོག་དང་རྒོལ་འཛིངས་བྱས་པར་ལའོའི་དམར་པོའི་གཞུང་གིས་ཁོང་ཚོའི་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་ལས་གཡོལ་ཐབས་ཆེད་ཐའེ་ལེན་དྲི་ནང་སྲིད་དོན་སྐྱབས་བཅོལ་ཞུ་རུ་སླེབས་པ་ཞིག་ཡིན་འདུག། འོན་ཀྱང་ཐའེ་ལེན་དྲི་གཞུང་གིས་ཁོང་ཚོའི་ཐོག་དྲག་སྤྱོད་བེད་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པ་དང་ཐུག་འཕྲད་མ་བཅུག་པར་ཕྱིར་སློག་བཏང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།