རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་གྲཊ་ཅན་ཞིག་གིས་༧གོང་ས་མཆོག་གི་དགོངས་གཞི་ལ་ཡིད་སྨོན་བྱས་འདུག

2019-06-10
གློག་འཕྲིན།
མཆན།
Share
པར་བཀོད།
གློག་བརྙན་འཁྲབ་སྟོན་པ་(Salman Khan)་དང་འཁྲབ་ཁྲིད་པ་གྲཊ་ཅན་སྐུ་ཞབས་(Ali Abbas zafar)་གཉིས། ༢༠༡༦
གློག་བརྙན་འཁྲབ་སྟོན་པ་(Salman Khan)་དང་འཁྲབ་ཁྲིད་པ་གྲཊ་ཅན་སྐུ་ཞབས་(Ali Abbas zafar)་གཉིས། ༢༠༡༦
AFP

རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་གྲཊ་ཅན་སྐུ་ཞབས་(Ali Abbas zafar)ལགས་ཀྱིས་༧གོང་ས་མཆོག་གི་རླབས་ཆེན་དགོངས་པ་ནི་ཁོང་ལ་བློ་སྤོབས་བསྐྱེད་པའི་རྩ་བར་གྱུར་བ་གསུངས་འདུག
ཉེ་བའི་ནང་སྐད་གྲགས་ཆེ་ཤོས་ཀྱི་གྲས་(Bharat)ཞེས་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་གནང་མཁན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་(Nelson Mandela)་སོགས་རླབས་ཆེན་མི་སྣ་ཚོའི་དགོངས་པ་བཞེས་ཕྱོགས་ནི་ཁོང་ལ་བློ་སྤོབས་སྐྱེ་སའི་རྩ་བ་ལྟ་བུ་ཞིག་ཡིན་པའི་སྐོར་གསུངས་ཡོད་འདུག
རྒྱ་གར་གྱི་གློག་བརྙན་(Bharat)་འཁྲབ་ཁྲིད་པ་(Ali Abbas zafar)་ཡིས་བཟོ་བསྐྲུན་གནང་བའི་གློག་བརྙན་དེ་བཞིན་རྒྱ་གར་དབྱིན་ཇིའི་མངའ་འོག་ལ་ཡོད་སྐབས་ཀྱི་ནང་དོན་འཁོད་པའི་གློག་བརྙན་ཞིག་ཡིན་པ་དང་། གློག་བརྙན་དེ་བཞིན་ཉེ་བའི་ནང་རྒྱ་གར་ནང་འགྲོ་རྒྱུགས་ཆེ་ཤོས་ཀྱི་གློག་བརྙན་གྲས་ཤིག་ཆགས་ཡོད་པ་དང་། གློག་བརྙན་བཟོ་སྐྲུན་གནང་མཁན་(Ali Abbas zafar)ཡིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། (Nelson Mandela)ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཚོས་འཛམ་གླིང་འདིའི་ཐོག་གི་གཟིགས་ཚུལ་དང་དགོངས་པ་བཞེས་སྟངས་ཀྱིས་ཁོང་རང་ཉིད་ལ་སེམས་འགུལ་དང་བློ་སྤོབས་འཕེལ་གཞིའི་འབྱུང་ཁུངས་ཆགས་པ་གསུངས་ཡོད་པ་དང་། ཕྱོགས་མཚུངས་(Bharat)ཞེས་པའི་གློག་བརྙན་དེའི་ནང་རྒྱ་གར་གྱི་མེས་པོ་དམ་པ་(Gandhi)་དེ་བཞིན་རྒྱ་གར་རང་བཙན་འཐབ་རྩོད་པ་(Bhagat singh) སོགས་རླབས་ཆེན་མི་སྣའི་དགོངས་གཞི་མཚོན་ཐབས་བྱས་ཡོད་པའི་སྐོར་(The Print) ཞེས་པའི་གསར་འགྱུར་ལས་ཁང་གི་བཅའ་དྲིར་ལན་འདེབས་གནང་བའི་སྐབས་(Ali Abbas Zafar) གིས་འགྲེལ་བརྗོད་གནང་འདུག
དེ་དང་འབྲེལ་གློག་བརྙན་དེའི་འཁྲབ་སྟོན་པ་གཙོ་བོ་(Salman Khan)ནི་རྒྱ་གར་ནང་དེང་སྐབས་གྲགས་ཆེ་བའི་གློག་བརྙན་འཁྲབ་བསྟོན་པ་ཞིག་ཡིན་པ་དང་། ཁོང་༢༠༡༦་ལོར་ལ་དྭགས་ནང་གློག་བརྙན་འཁྲབ་སྟོན་བརྙན་ལེན་བྱེད་པའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་༧ཞབས་སོར་འཁོད་བཞིན་པ་དང་སྟབས་འཁེལ་ནས་༧གོང་ས་མཆོག་མཇལ་ཁ་ཞུ་བར་བཅར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།