ཁ་ཆེ་རྒྱལ་ཁབ་ཚོས་རྒྱ་ནག་ལ་གདོང་ལེན་བྱེད་རན་པ་ཨ་རིའི་གནད་ཡོད་མི་སྣས་གསུངས་འདུག


2019.10.18
ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་(Sam Brownback)་མཆོག 2019/10/17 ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་(Sam Brownback)་མཆོག 2019/10/17
RFA

རྒྱ་ནག་ནང་གི་ཡུ་གུར་མི་རིགས་ཀྱི་གནས་སྟངས་ཐད་ཁ་ཆེ་རྒྱལ་ཁབ་ཚོས་རྒྱ་ནག་ལ་གདོང་ལེན་བྱེད་རན་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ནས་གསུངས་འདུག
ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་(Sam Brownback)་མཆོག་གིས། རྒྱ་ནག་གཞུང་ནས་ཤིན་ཅང་རང་སྐྱོང་ས་ཁུལ་དུ། ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་དང་ཕྱེད་ཀ་ལྷག་དོ་དམ་བཀག་སྐྱིལ་འོག་བཅུགས་ཡོད་པའི་གནས་སྟངས་ལ་འཛམ་གླིང་སྤྱི་དང་། ལྷག་པར་དུ་ཁ་ཆེ་རྒྱལ་ཁབ་ཚོ་ཁུ་སིམ་མ་བསྡད་པར་བློ་སྟོབས་ཆེན་པོའི་ཐོག་ནས་རྒྱ་ནག་ལ་གདོང་ལེན་ཁ་གཏད་གཅོག་དགོས་པ་གསུངས་འདུག
འདི་ཚེས་༡༧་རེས་གཟའ་ཕུར་བུའི་ཉིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ(Sam Brownback)་མཆོག་ལ། རྒྱ་ནག་གི་དོ་དམ་བཀག་ཉར་བྱས་པའི་ཡུ་གུར་བའི་གནས་སྟངས་ཐད་བཅར་འདྲི་ཞུས་པར། ཁོང་གིས། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ཁུལ་དུ་ཁ་ཆེ་མི་འབོར་ས་ཡ་༡༡་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་གནས་སྟངས་སྤྱི་དང་། ཡང་སྒོས་སུ་དེ་ཁུལ་དུ་དོ་དམ་བཀག་སྐྱིལ་ཁང་རྒྱ་ཁྱབ་ཇི་ལྟར་ཡོད་པ་དེ་ཨ་རིའི་ངོས་ནས་རྒྱལ་སྤྱིའི་ཐོག་གོ་རྟོགས་ཁྱབ་སྤེལ་གང་མང་ཡོང་རྒྱུའི་འབད་བརྩོན་གནང་གི་ཡོད་པ་གསུངས་འདུག
སྐུ་ཞབས་(Sam Brownback)་མཆོག་གིས། ཡུ་གུར་བ་ས་ཡ་གཅིག་ལྷག་དོ་དམ་བཀག་སྐྱིལ་འོག་བཅུགས་བཞིན་ཡོད་པ་ནི། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་བ་ཞིག་ཡིན་པ་མ་ཟད། ཤིན་ཅང་ས་ཁུལ་ཁྱོན་ཡོངས་སུ་གསང་པའི་པར་ཆས་དང་།  རིག་རྩལ་གྱི་འཕྲུལ་ཆས་འགྲེམས་འཇོག་བྱས་དེ་མང་ཚོགས་ཀྱི་འགྲོ་སྡོད་སྤྱོད་གསུམ་ལ་ལྟ་སྲུང་བྱེད་བཞིན་ཡོད་པའི་གནས་སྟངས་དེ་ཡང་དོ་དམ་བཀག་སྐྱིལ་བྱས་པའི་གནས་སྟངས་དང་འདྲ་མཚུངས་ཆགས་ཡོད་པ་གསལ་འདོན་གནང་བའི་ཐོག ཨ་རི་གཞུང་ནས་དེ་ལྟ་བུའི་ཤིན་ཅང་གི་ཡ་ང་བའི་གནས་སྟངས་ལ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་གོ་ཤེས་གང་ཐུབ་གནང་གི་ཡོད་པ་གསུངས་འདུག
ད་དུང་གནས་ཚུལ་ནང་གསལ་ལྟར་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་གཙོས་པའི་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་མང་པོས། ཁ་ཆེ་རྒྱལ་ཁབ་དང་། ལྷག་པར་དུ་(OIC)་ཞེས་རྒྱལ་ཁབ་༥༧་ལས་གྲུབ་པའི་ཁ་ཆེ་མཉམ་སྦྲེལ་སྒྲིག་འཛུགས་ནས་ཤར་ཏུར་ཀི་སི་ནང་ཡུ་གུར་ཁ་ཆེ་བའི་གནས་སྟངས་ཐོག་རྒྱ་ནག་ལ་གདོང་ལེན་ཁ་གཏད་གཅོག་དགོས་པའི་སྐུལ་མ་ལན་མང་བྱས་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད། སྐུ་ཞབས་(San Brownback)་མཆོག་གིས། ཁ་ཆེའི་རྒྱལ་ཁབ་ཚོས་ཡུ་གུར་བའི་གནས་སྟངས་ལ་བསམ་ཞིབ་གང་ཡང་མ་བྱས་པ་དེར་བློ་ཕམ་ཡོད་ཅེས་དང་། རིམ་བཞིན་ཁ་ཆེ་བའི་དམངས་ཚོགས་ཁྲོད་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་ལ་ཡུ་གུར་བའི་གནས་སྟངས་ཐད་རྒྱ་ནག་ལ་གདོང་ལེན་སྤྲོད་དགོས་པའི་གནོན་ཤུགས་ཐེབས་རྒྱུའི་རེ་བ་ཡོད་ཞེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎