སེང་སྒྲ་ལས་བཙོན་ནས་ཕ་ཡུལ་དུ་འབྱོར་བར་ཕེབས་བསུ་བྱས་འདུག


2016.10.20
སེང་སྒྲ་ལས་བཙོན་ནས་ཕ་ཡུལ་དུ་འབྱོར་བར་ཕེབས་བསུ། ༢༠༡༦།༡༠།༡༩ སེང་སྒྲ་ལས་བཙོན་ནས་ཕ་ཡུལ་དུ་འབྱོར་བར་ཕེབས་བསུ། ༢༠༡༦།༡༠།༡༩
བོད་འབྱོར། ཀུན་བཟང་བསྟན་འཛིན།

སེང་སྒྲ་ལགས་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ནས་ཕ་ཡུལ་དུ་འབྱོར་སྐབས་ས་གནས་བོད་མི་ཚོས་ཕེབས་བསུ་གནང་འདུག
འདི་ག་རླུང་འཕྲིན་ཁང་དུ་བོད་ནས་བརྙན་ཐུང་དང་འདྲ་པར་བཅས་གནས་ཚུལ་འབྱོར་བ་ལྟར་ན། ཨ་ཉག་སེང་སྒྲ་ལགས་ཕྱི་ཟླ་༡༠་བའི་ཚེས་༡༨་ཉིན་ཟི་ལིང་ཕྱོགས་ཀྱི་ཏོན་ཧྲིན་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་དང་། གློད་བཀྲོལ་ཐོབ་མ་ཐག་རྗེ་སྐུ་འབུམ་དགོན་པར་མཆོད་མཇལ་ལ་བཅར་རྗེས་ཚེས་༡༩་ཉིན་ཕ་ཡུལ་མགོ་ལོག་རྐྱང་ཆད་ཀྱི་རང་ཁྱིམ་དུ་འབྱོར་སྐབས། ཁོང་གི་སྡེ་པའི་མི་མང་ཚོས་ཕ་ཡུལ་དང་རྒྱང་ཐག་སྤྱི་ལེ་༢༠་སར་བསང་གསོལ་བཏང་ནས་ཕེབས་བསུ་གཟབ་རྒྱས་གནང་འདུག
བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུངས་ན། སེང་སྒྲ་ལགས་འཛིན་བཟུང་མ་བྱས་པའི་གོང་དུ་ས་གནས་སུ་དམངས་དོན་གླིང་ཞེས་པའི་རྩ་འཛིན་མི་སྣ་འགའ་ཤས་བསྡུ་རུབ་ཀྱིས་སྤྱི་རྒྱུ་ཧམ་བཟའ་བྱེད་མཁན་ས་གནས་རུལ་སུངས་འགོ་ཁྲིད་ལ་འཐབ་རྩོད་དང། ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་སྔོན་འགོག རྩ་ཆེའི་རི་དྭགས་དང་བྱ་རིགས་སྲུང་སྐྱོབ་སོགས་ཀྱི་ཐད་ཕྱག་ལས་གནང་འདུག
མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་ནང་དེ་སྔ་ཕྱི་ལོ་༢༠༡༤་ལོར་ས་གནས་ཀྱི་འགོ་ཁྲིད་དུ་མང་ཚོགས་ནས་འོས་འདེམས་བྱས་པའི་ཨ་ཉག་སེང་སྒྲའམ་སེང་སྒྲ་ལགས་བདམས་ཐོན་བྱུང་ཡོད་ཀྱང་། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་གིས་དེ་སྔ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་ལུགས་སོགས་བཤད་ནས་མང་ཚོགས་ནས་བདམས་པ་དེར་ངོས་ལེན་མ་བྱས་པའི་ཁར་རིམ་པས་ཕྱི་ལོ་༢༠༡༤་ཕྱི་ཟླ་༡༢་བའི་ཚེས་༡༤་ཉིན་དངོས་སུ་འཛིན་བཟུང་དང་། རྗེས་སུ་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཀལ་ཡོད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎