ཕ་རན་ས྄་སྲིད་འཛིན་མཆོག་གིས་བོད་ནང་གི་ཛ་དྲག་་གནས་སྟངས་ཞིི་འཇམ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་བ།

ཕ་རན་ས྄་སྲིད་འཛིན་ ནིཀོལས྄་ སར་ཀོ་སི་ མཆོག་གིས་༧གོང་ས་མཆོག་དང་པེ་ཅིང་གཞུང་བར་གྲོས་མོལ་གནང་རྒྱུར་རྒྱབ་ སྐྱོར་ཡོད་པ་གསུངས་འདུག

2008-04-18
Share

༄༅༎དེ་རིང་ ཕ་རན་ས྄་ སྲིད་འཛིན་ ནིཀོ་ལས྄་ སར་ཀོ་སི་ མཆོག་གིས་ རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་མཇལ་འཕྲད་གནང་བའི་སྐབས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཞིི་འཇམ་ཡོང་ཐབས་སུ་༧གོང་ས་མཆོག་དང་པེ་ཅིང་གཞུང་བར་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པ་རེད།

དེ་ཡང་སྲིད་འཛིན་་ ནིཀོ་ལས྄་ སར་ཀོ་སི་ མཆོག་གིས་ཉེ་ཆར་བོད་ནང་དུ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་སྐོར་རྒྱ་ནག་གི་སྲིད་འཛིན་ ཧུའུ་ཅིན་ཐའོ་ ཡི་དམིགས་བསལ་སྐུ་ཚབ་དང་དེ་སྔ་ ཕ་རན་ས྄་ ནང་དུ་རྒྱ་ནག་གི་གཞུང་ཚབ་པ་གནང་མྱོང་ཡོད་མཁན་་ ཀྲའོ་ཅིན་ཅུན་ དང་མཇལ་འཕྲད་གྲོས་མོལ་གནང་བའི་སྐོར་ ཕ་རན་ས྄་ སྲིད་འཛིན་གྱི་ལས་ཁུངས་ནས་སྤེལ་བའི་གསལ་བསྒྲགས་གནང་བཀོད་ཡོད་པ་རེད།

ཕ་རན་ས྄་ སྲིད་འཛིན་ ནིཀོ་ལས྄་ སར་ཀོ་སི་ཡིས་ཟླ་བ་འདིའི་འགོ་སྟོད་དུ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཐབས་དང་ལྷག་པར་དུ་རྒྱ་ནག་གཞུང་གི་༧གོང་ས་མཆོག་དང་གྲོས་མོལ་འགོ་འཛུགས་མ་བྱེད་ཚེ་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་ནང་ཚུགས་རྒྱུའི་ ཨོ་ལིམ་པིཀ་ རྩེད་འགྲེན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་རེད། ད་རེས་ཀྱི་གྲོས་མོལ་དེ་ནི་ཉེ་ཆར་ ཕ་རན་ས྄་ ནང་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱས་པའི་སྐབས་འགྲོ་བ་མི་ཐོབ་ཐང་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་ཛ་དྲག་གི་གནས་སྟངས་སུ་གྱུར་བའི་ཁྲོད་ནས་མཇལ་འཛོམས་གནང་བ་ཞིག་ཡིན་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།