བཀའ་དྲིན་རྗེས་དྲན་དང་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ།


2016.02.24
༧གོང་ས་མཆོག་གཙུག་ལག་ཁང་ནས་ཕོ་བྲང་ལ་ཕེབས་བཞིན་པ། ༢༠༡༥།༣།༥ ༧གོང་ས་མཆོག་གཙུག་ལག་ཁང་ནས་ཕོ་བྲང་ལ་ཕེབས་བཞིན་པ། ༢༠༡༥།༣།༥
སྐུ་སྒེར་དྲ་བ

དེ་ཡང་དགེ་ལུགས་ཡོངས་ཀྱིས་༧རྒྱལ་བའི་བརྟན་བཞུགས་དང་། བཀྲིན་རྗེས་དྲན་ཆེད་ལས་དོན་མང་དག་ཅིག་རྩོམ་བཞིན་ཡོད་པ་ནས་ཕྱི་ཟླ་༢ཚེས་༢༥ནས་༢༨་བར་བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་དུ་ཆགས་པ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། གསུང་རྩོམ། དགོངས་གཞི་བཅས་ཀྱི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་བསྐོང་ཚོགས་གནང་རྒྱུ་རེད་འདུག
ཕྱི་ཚེས་༢༥དབུ་འབྱེད་ཀྱི་ཉིན་མོར་འཇམ་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གདན་ཞུ་གནང་འདུག་ཅིང་། ཁོང་རྣམ་གཉིས་ནས་མཁས་པའི་བགྲོ་གླེང་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག།
མཁས་པའི་བགྲོ་གླེང་གི་ཚོགས་འདུའི་བརྗོད་གཞི་ཡོངས་རྫོགས་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་པ་གཞི་ལ་བཞག་སྟེ། དཔེར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་སྤྱིའི་ཤེས་ཡོན་སྡིངས་ཆ་དང་། བོད་ཀྱི་ལེགས་བྱང་། བོད་ཀྱི་ཤེས་ཡོན། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ། བོད་ཀྱི་སྨན་རྩིས་ཤེས་ཡོན། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་མང་དག་ཅིག་ལ་གདོང་ལེན་མཛད་ཕྱོགས་དང་། བོད་ཀྱི་མང་གཙོ། བོད་ཀྱི་དཀའ་རྙོག་སེལ་ཐབས། དཔལ་ན་ལེན་ཌའི་ཤེས་ཡོན་དར་སྤེལ་མཛད་ཐབས་དང་། ནང་ཆོས་སྡེ་ཚན་གསུམ་དུ་ཕྱེས་གནང་མཛད་པའི་དགོངས་གཞི། ཚན་རིག་པ་དང་འབྲེལ་བ་མཛད་པའི་སྐོར་དང་༧རྒྱལ་བའི་ཡང་སྲིད། གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་བརྒྱུད་ནང་བསྟན་གྱི་རིས་མེད་ཆོས་བརྒྱུད་ཁག་ལ་ཐུགས་དམ་ཉམས་བཞེས་མཛད་ཕྱོགས་དང་། གཡུང་དྲུང་བོན་གྱི་ཐོག་གཟིགས་པ་མཛད་ཕྱོགས། ཆོས་བརྒྱུད་རྡོག་རྩ་གཅིག་བསྒྲིལ་གྱི་དགོངས་གཞི་སོགས་བརྗོད་གཞི་ཧ་ཅང་མང་པོ་ཞིག་གི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག།
ཚོགས་འདུའི་ཐོག་ཕེབས་མཁན་གྱི་གྲས་སུ་ས་དགེ་བཀའ་རྙིང་དང་ཇོ་ནང་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་བརྒྱུད་ཀྱི་མཁས་པ་དང་། ཝ་ར་ན་སི་དང་ཏཱ་ལའི་བླ་མའི་མཐོ་སློབ་ཁང་གི་དགེ་རྒན་ཆེན་མོ། སྐུ་སྒེར་དྲུང་ཆེ་སོགས་མཁས་པ་ཉི་ཤུ་རྩ་བཞི་ཙམ་ཡོད་ཅིང་། མཁས་པ་སོ་སོས་བརྗོད་གཞི་མི་འདྲ་བ་སོ་སོའི་ཐོག་དཔྱད་རྩོམ་སྤེལ་ཡོད་འདུག་པ་དེའི་ཐོག་བགྲོ་གླེང་སྦྱང་བཤད་གནང་རྒྱུ་ཡིན་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎