ཨ་རིའི་རྒྱལ་སར་ནང་ཆོས་དང་ཚན་རིག་བར་བགྲོ་གླེང་གནང་རྒྱུ།

2016-05-19
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༥ལོའི་ཟླ་བཞི་བར་གསེར་རྟ་བླ་རུང་དགོན་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཨ་རིའི་རྒྱལ་སར་ཕེབས་སྐབས།
༢༠༡༥ལོའི་ཟླ་བཞི་བར་གསེར་རྟ་བླ་རུང་དགོན་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཨ་རིའི་རྒྱལ་སར་ཕེབས་སྐབས།
ཀླུ་འབུམ།/RFA

ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ནང་ཆོས་དང་ཚན་རིག་གི་ལྟ་གྲུབ་ཀྱི་སྐོར་བགྲོ་གླེང་ཚོགས་འདུ་ཞིག་གནང་འཆར་ཡོད་འདུག
དེ་ཡང་ཟླ་བ་འདིའི་ཚེས་༢༦ཉིན། འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་དུ་མ་གཅིག་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་གོ་སྒྲིག་འོག་ནང་ཆོས་དང་ཚན་རིག་གཉིས་དབར་གྱི་ལྟ་གྲུབ་སྐོར་ཤར་ནུབ་གཉིས་དབར་གྱི་མཁས་པའི་བགྲོ་གླེང་ཞིག་བསྐོངས་ཚོགས་གནང་གི་ཡོད་འདུག
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་བོད་ནས་ཕེབས་པའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་དང་། ནུབ་ཕྱོགས་པའི་ཚན་རིག་པ་ཨ་མི་རི་ཀའི་ཀ་ལི་ཕོ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་དྲོག་དྲར་Elissa Eppel་མཆོག་དང་། དེ་བཞིན་George Washington University་འམ་རྒྱལ་ས་ཝ་ཤིང་ཀྲོན་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་རིག་པའི་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་Tadeusz Zawidzi རྣམ་གཉིས་ཡིན་འདུག
གོང་དུ་ཞུས་པའི་གསེར་རྟ་བླ་རུང་དགོན་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནས་འདས་པའི་ལོ་ཤས་ནས་བཟུང་འཛམ་གླིང་ཁྱོན་ཡོངས་སུ་བསྐོར་བསྐྱོད་གནང་ནས་བོད་བརྒྱུད་ནང་བསྟན་སྐོར་འགྲེལ་བཤད་གནང་བ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོ་དང་རྒྱ་མི་རིགས་ཚོར་ཡང་བཟང་སྤྱོད་དང་། དམར་ཟས་སྤོང་དགོས་པའི་ལས་འགུལ་སྤེལ་གནང་བཞིན་ཡོད་འདུག་ལ་ཨེ་སུ་ནད་གཞི་དང་འབྲེལ་བའི་འཕྲོད་བསྟེན་སྐོར་ཡང་གོ་རྟོགས་སྤེལ་གནང་རྒྱུའི་ཕྱག་ལས་མང་དག་ཞིག་གནང་བཞིན་ཡོད་པའི་སྐོར་མ་གཅིག་ཚོགས་པའི་གསལ་བསྒྲགས་དེའི་ནང་བཀོད་འདུག
ད་རེས་བགྲོ་གླེང་གོ་སྒྲིག་ཞུ་མཁན་མ་གཅིག་ཚོགས་པ་འདི་ནི་འདི་ག་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ད་བར་བོད་ནང་ཤེས་ཡོན་དང་འབྲེལ་བའི་ལས་འཆར་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།