སྦེ་ར་ཛིལ་ནང་བོད་ཀྱི་ལོ་རྒྱུས་གློག་བརྙན་གཟིགས་འབུལ།

སྦེ་ར་ཛིལ་ནང་བོད་ཀྱི་ལོ་རྒྱུས་ཀྱི་གློག་བརྙན་དཀོན་པོ་ཁག་ཅིག་མང་ཚོགས་ལ་གཟིགས་འབུལ་གནང་བཞིན་པའི་གནས་ཚུལ་ཐོན་འདུག

2010-08-25
Share

༄༅༎སྦེ་ར་ཛིལ་ནང་བོད་ཀྱི་ལོ་རྒྱུས་ཀྱི་གློག་བརྙན་དཀོན་པོ་ཁག་ཅིག་མང་ཚོགས་ལ་གཟིགས་འབུལ་གནང་བཞིན་པའི་གནས་ཚུལ་ཐོན་འདུག་བཙན་བྱོལ་བོད་གཞུང་གི་ལེཊིན་ཨ་མི་རི་ཀའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་འདི་ཚེས་༢༥ཉིན་གནས་ཚུལ་སྤེལ་དོན་ལྟར་ན་ སྦེ་ར་ཛིལ་གྱི་གྲོང་ཁྱེར་རིའོ་ཌི་ཇེ་ནི་རོ་ནང་ཡོད་པའི་ཁའེ་ཛ་རིག་གཞུང་ཁང་ཞེས་པས་ཕྱི་ཟླ་བརྒྱད་པའི་ཚེས་༢༤ནས་༢༩བར་བདུན་གཅིག་རིང་དེ་སྔའི་བོད་ཀྱི་ལོ་རྒྱུས་དང་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་ལོ་རྒྱུས་ཀྱི་གློག་བརྙན་དཀོན་པོའི་རིགས་ཁག་ཅིག་གཟུགས་འབུལ་ཞུ་བཞིན་ཡོད་འདུག ལོ་རྒྱུས་ཀྱི་གློག་བརྙན་གྲས་སུ་དེ་སྔ་ཕྱི་ལོ་༡༩༢༠འི་ནང་འཇར་མེ་ནིའི་རྟོག་ཞིབ་འགྲུལ་བཞུད་པ་ཚོས་སྐྲུན་པའི་གློག་བརྙན་ཁག་གསུམ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་སར་དགེ་བཤེས་ལྷ་རམ་པའི་ངག་རྒྱུགས་བཞེས་པ་སོགས་ཀྱི་གློག་བརྙན་ཡོད་འདུག གློག་བརྙན་དེ་རིགས་ཕྱི་ལོ་༡༩༥༨དང་༥༩ལོར་བོད་མིའི་རང་དབང་སྒེར་ལངས་དང་༸གོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་མ་ཕེབས་གོང་ཙམ་ལ་བཟོས་པ་ཡིན་ལུགས་འགྲེལ་བརྗོད་གནང་འདུག བཙན་བྱོལ་བོད་མིའི་ལོ་རྒྱུས་གྲས་སུ་ཕྱི་ལོ་༡༩༦༤ལོར་རྡོ་རྗེ་གླིང་དུ་བཟོས་པའི་བཀྲིས་ཀྱི་འཕྲིན་ཡིག་ཞེས་པ་དང་ཕྱི་ལོ་༡༩༦༥ལོར་བཟོས་པའི་བཙན་བྱོལ་བོད་མིའི་དཀའ་སྡུག་སྐོར་དང་ཕྱི་རྒྱལ་གྱི་ཆོས་ཚོགས་ཚོས་རོགས་སྐྱོར་གནང་བའི་ལོ་རྒྱུས་དང་ཐག་རིང་གི་ནང་ཞེས་པ་བཙན་བྱོལ་བོད་མི་ཐོག་མར་འབྱོར་བའི་ལོ་རྒྱུས་དང་ཕྱི་ལོ་༡༩༦༤ལོར་ཇོརྗི་པེ་ཊར་སེན་གྱིས་ལྷོ་མུ་སེ་ཐང་ནས་བོད་མིའི་གསང་བའི་སྒྲིག་འཛུགས་ཀྱིས་བོད་ནང་འཇབ་དམག་རྒྱབ་པའི་སྐོར་སོགས་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།