ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་སྐོར།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་ཡག་གལ་ཆེ་ཡིན་སྐོར་ནན་བརྗོད་གནང་འདུག
2008-06-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེ་སེ་མཆོག་གིས་རྒྱ་ནག་ཏུ་གཞུང་དོན་སླད་གཟིགས་བསྐོར་གནང་སྐབས་ དེ་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོ་དང་སྲིད་བློན་ལྦེན་ཅ་པའོ་རྣམ་གཉིས་མཇལ་འཕྲད་གནང་སྟེ་ སྐབས་སོ་སོར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་ཡག་གལ་གནད་ཆེན་པོ་ཡིན་སྐོར་ནན་བརྗོད་གནང་ཡོད་པ་རེད་ རྒྱ་ནག་གི་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་ གཞུང་གི་ལངས་ཕྱོགས་དང་ ལྟ་གྲུབ་ཐ་དད་འཛིན་མཁན་རྒྱ་མི་ཧ་ཅང་མང་པོ་འཛིན་བཟུང་བཀག་ཉར་དང་དོ་དམ་འོག་ཏུ་བཞག་ཡོད་པ་དང་ ཨིན་ཊར་ནེཊེའི་དྲ་རྒྱའི་ཐོག་ལ་བཏང་འཛིན་ཤིན་ཏུ་ནན་པོ་བྱེད་པའི་སྲིད་བྱུས་སོགས་དཔེ་མཚོན་དུ་བརྗོད་དེ་ རྒྱ་ནག་གཞུང་གི་སྲིད་བྱུས་དེ་ཚོའི་ཐད་ལ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དགོངས་ཚུལ་ཇི་ཡོད་གསལ་བཤད་ལྷུགས་པོ་གནང་ཡོད་པ་རེད་ ཁོང་གིས་དམིགས་སུ་བཀར་ནས་གསུང་ན་ ཨིན་ཊར་ནེཊེའི་གནས་འཕྲིན་དྲ་རྒྱ་ནི་དེང་སྐབས་འཛམ་གླིང་ནང་ཡོངས་སུ་ཁྱབ་བསྡད་པའི་འཕྲུལ་རིག་ཅིག་ཡིན་སྟབས་ གནས་འཕྲིན་གྱི་འཕྲུལ་རིག་དེ་བཞིན་མི་མང་ཚོའི་ཆབ་སྲིད་ཀྱི་སྨྲ་བརྗོད་རང་དབང་ཐོག་ལ་ཚོད་འཛིན་དང་ བཀག་གནོན་བྱེད་ཡག་གི་འཕྲུལ་ཆ་ལྟ་བུར་བེད་སྤྱོད་གཏོང་རྒྱུ་ཡོག་མ་རེད་ཅེས་གསུང་ཡོད་པ་རེད་ རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་ལྷན་དུ་བཀའ་མོལ་གནང་བའི་རྗེས་སུ་ གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་ བོད་ནང་གི་བོད་མི་ཚོས་ཉེ་ལམ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་བརྩམས་པའི་སྐོར་ལའང་ རྒྱ་ནག་གི་དབུ་ཁྲིད་རྣམ་དང་ལྷན་དུ་གླེང་མོལ་བསྐྱར་གླེང་གནང་བ་ཡིན་ཞེས་དང་ བོད་ཀྱི་དཀའ་རྙོག་ཐད་བོད་རྒྱའི་དབར་འབྲེལ་མོལ་མཇུག་སྐྱོང་གནང་རྒྱུ་གནང་བར་ ཁོང་ལ་བློ་ཤེད་དང་ བློ་སྟོབས་སྐྱེས་བྱུང་ལ་ བོད་རྒྱའི་སྐུ་ཚབ་རྣམ་པའི་དབར་བཀའ་མོལ་གནང་བའི་རྗེས་སུ་ བཟང་ཕྱོགས་ཀྱི་གྲུབ་འབྲས་ཕྲན་བུ་ཐོན་པས་མ་ཟད་ འབྲེལ་མོལ་དེ་ཚོའི་རྒྱབ་ལ་མདུན་བསྐྱོད་ཀྱི་ནུས་ཤུགས་ཅུང་ཟད་སླེབས་པའི་རེ་བ་གནང་གི་ཡིན་ཞེས་སོགས་གསུང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།