རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེཊ་ནས་གྲོངས་འདུག

2014-05-23
གློག་འཕྲིན།
མཆན།
Share
པར་བཀོད།
ཝེ་ཏུ་ནམ་རྒྱལ་ཁབ་གྱི་བུད་མེད་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྐབས། ༢༠༡༤།༥།༢༣
ཝེ་ཏུ་ནམ་རྒྱལ་ཁབ་གྱི་བུད་མེད་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྐབས། ༢༠༡༤།༥།༢༣
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཝེ་ཏུ་ནམ་སྡེ་ཚན།

ཝེ་ཏུ་ནམ་རྒྱལ་ཁབ་གྱི་བུད་མེད་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་ཆེད་རང་ལུས་མེར་བསྲེགས་ནས་སྐུ་གྲོངས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཉེ་དུས་རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་སྣུམ་འདོན་ལས་གཞི་འཛུགས་སྐྲུན་བྱས་པའི་ཉེར་ལེན་གྱིས་ཝེ་ཏུ་ནམ་རྒྱལ་ནང་རྒྱ་ནག་གི་རྣམ་པ་དང་ཁྱད་ཆོས་ལྡན་པའི་བཟོ་ཚོང་ཁག་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱིས་གཏོར་བཅོམ་དང་། སྐབས་རེར་མི་ཤི་རྨས་སོགས་ཀྱི་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད་པ་བཞིན་ཝེ་ཏུ་ནམ་གྱི་ཕྱོགས་ནས་རྡོ་སྣུམ་འདོན་སའི་རྒྱ་མཚོིའི་མངའ་ཁུལ་དེ་བཞིན་ཁོང་ཚོར་བདག་དབང་ཡོད་ལུགས་བརྗོད་ཀྱིན་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་འདི་ཟླའི་ཚེས༢༣ཉིན་དེའི་ངོ་རྒོལ་གྱི་ཆ་ཤས་སུ་ལོ་ན་༦༧ཙམ་ཡིན་པའི་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཐབས་བྱས་རྗེས་སྐུ་གྲོངས་ཡོད་པ་རེད། རང་ལུས་མེར་བསྲེགས་གཏོང་ས་དེ་ནི་Ho Chi Minh གྲོང་ཁྱེར་དུ་ཡོད་པའི་ལྷན་འཛོམས་ཕོ་བྲང་ཞེས་པའི་དྲན་རྟེན་གྱི་མདུན་ཐང་ཡིན་པ་དང་། སྐབས་དེ་དུས་བདེ་འཇགས་མི་སྣས་མེ་གསོད་ཐབས་བྱས་ཡོད་ཀྱང་མེ་ཤུགས་ཆེན་པོ་འབར་པར་བརྟེན་བུད་མེད་དེ་གསོན་གནས་ཐུབ་མེད་པ་རེད།
གནས་ཚུལ་ལྟར་ན། བུད་མེད་དེའི་ཁ་ཆེམས་ཚུལ་གྱི་ཡི་གེ་ཞིག་བཞག་ཡོད་པ་དང་། དེའི་ནང་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་ནག་གི་སྣུམ་འདོན་ལས་གཞི་དེ་བཞིན་གང་མགྱོགས་མེད་པར་བཟོ་དགོས་པ་སོགས་འཁོད་པ་རེད་འདུག

གསར་འགོད་པ་བོད་རྒྱལ།

རང་ལུས་མེར་བསྲེགས་སྐོར་གྱི་བརྙན་ཐག་འདི་ག་རླུང་འཕྲིན་ཁང་གི་ཝེ་ཏི་ནམ་སྡེ་ཚན་གྱི་དྲ་བརྙན་ནས་གཟིགས་ཐུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།