ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག

2019-11-28
གློག་འཕྲིན།
མཆན།
Share
པར་བཀོད།
ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག
ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག
བོད་འབྱོར།

སྤྱི་ལོ་ ༢༠༡༩ ཟླ་བ་ ༡༡ ཚེས་ ༢༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་སྐུ་གྲོངས་ཡོད་པ་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག དེ་ཡང་ཡོན་ཏན་ལགས་ནི་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་བསོད་དོན་དང་། མ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་འདུག་ལ། ཆུང་དུས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་མྱོང་ཡོད་ཀྱང་རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་འདུག དེ་མིན་གནས་ཚུལ་བྱུང་རྗེས་ཁོང་གི་སྐུ་ཕུང་ནང་མིར་རག་མིན་སོགས་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་པའི་སྐོར་ཀ་ཉག་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་འདི་ལྟར་གནང་གི་འདུག དེ་སྔ་ཡིན་ན་རྒྱ་ནག་གཞུང་གིས་བོད་རྔ་བ་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཏེ་མངོན་གསལ་དོད་པོས་དམ་དྲག་བྱས་ཡོད་ཀྱང་། ད་སྐབས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ཁྱིམ་ཚང་སོ་སོའི་ནང་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག་པར་མ་ཟད། རྔ་བའི་རྨེའུ་རུ་མ་ཡུལ་ཚོའི་ནང་དང་། དེའི་ཉེ་འཁོར་གྱི་དགོན་པ་དང་ཁྲོམ་གཞུང་སོགས་སུ་རྒྱ་ནག་གཞུང་གིི་ལྟ་སྲུང་མི་སྣ་བཞག་སྟེ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་བརྗོད་ཡོད་པ་རེད། ད་བར་བོད་ནང་དུ་བོད་མི་ཡོན་ཏན་ལགས་ཚུད་པའི་བོད་དོན་ཆེད་རྣམ་པ་འདྲ་མིན་གྱིས་ལམ་ནས་བོད་མི་གྲངས་ ༡༥༦ ཡིས་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་བུ་ ༡༣༠ དང་བུད་མེད་ ༢༦ ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།