བོད་ནང་སླར་ཡང་བོད་མི་ཞིག་གིས་རང་སྲེག

རང་ལོ་བཅོ་བརྒྱད་ཙམ་ཡིན་པའི་གཞོན་སྐྱེས་སྦྱིན་པ་རྒྱ་མཚོ་ལགས་ནས། རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ། རང་ལུས་མེར་བསྲེགས་བཏང་བའི་རྗེས་སུ་དེ་མ་ཐག་འདས་གྲོང་གྱུར་འདུག
2012-11-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །དེ་ཡང་སུད་སིར་གནས་བཞུགས་རེབ་གོང་ཤ་བོ་རྡོ་རྗེ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་རེས་གཟའ་ཕུར་བུའི་བོད་ནང་གི་ཆུ་ཚོད་བཞི་པ་ཡས་མས་ཤིག་ལ་མདོ་སྨད་རྨ་ལྷོ་རེབ་གོང་ཁུལ་གྱི་མདོ་པ་འབྲོག་སྡེའི་ནང་རང་ལོ་བཅོ་བརྒྱད་ཙམ་ཡིན་པའི་གཞོན་སྐྱེས་སྦྱིན་པ་རྒྱ་མཚོ་ལགས་ནས། རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།    ཞེས་སྐད་འབོད་གནང་བཞིན་དུ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་ནས་རང་ལུས་མེར་བསྲེགས་བཏང་བའི་རྗེས་སུ་དེ་མ་ཐག་འདས་གྲོང་གྱུར་ཡོད་འདུག


དེའི་རྗེས་སུ་རོང་པོ་དགོན་པའི་དགེ་འདུན་པ་དང་།    ས་གནས་མི་དམངས་ནས་ཁོང་གིས་སྐུ་ཕུང་རྒྱ་མིའི་ལག་ཏུ་ཤོར་མ་བཅུགས་པར་གདོང་རྒྱལ་ཀླད་དུ་གདན་འདྲེན་ཞུས་འདུག སྐབས་དེར་གཡོས་གཡོན་ས་གནས་གང་ས་ནས་ཕེབས་པའི་བོད་མི་སེར་སྐྱ་དྲུག་སྟོང་ཙམ་འདུ་འཛོམས་ཀྱིས་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་འདུག
སྦྱིན་པ་རྒྱ་མཚོ་ལགས་འདས་པོའི་ཕ་མིང་ལ་གཅོད་པ་དང་། མ་མིང་ལ་བདེ་མཆོག་སྐྱིད་ཡིན་པ་དང་།    ཁོང་ལ་སྤུན་མཆེད་བུ་གསུམ་དང་བུ་མོ་གཅིག་བཅས་ཡོད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།