རྦིར་ལེན་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་ཐོག་ཞོཊ་ལྗང་གི་སྙན་རྩོམ་སྒྲོག་སྦྱོང་བྱེད་འཆར་འདུག


2018.08.29
རྦིར་ལེན་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་ཐོག་ཞོཊ་ལྗང་གི་སྙན་རྩོམ་སྒྲོག་སྦྱོང་བྱེད་འཆར་ཡོད་པ། རྦིར་ལེན་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་ཐོག་ཞོཊ་ལྗང་གི་སྙན་རྩོམ་སྒྲོག་སྦྱོང་བྱེད་འཆར་ཡོད་པ།
Photo: RFA

ཇར་མན་གྱི་རྒྱལ་ས་རྦིར་ལེན་ནས་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་ཞིག་འཚོགས་འཆར་ཡོད་པའི་ཐོག་བོད་ཀྱི་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་སྙན་རྩོམ་སྒྲོག་སྦྱོང་བྱེད་རྒྱུ་ཡིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མི་འགྱངས་པའི་སྤྱི་ཟླ་དགུ་བའི་ཚེས་༦ཉིན། ཇར་མན་གྱི་རྒྱལ་སར་རྦིར་ལེན་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་འཚོགས་རྒྱུ་ཡིན་པའི་ཐོག་བོད་ནང་གི་རྩོམ་པ་པོ་དང་། ཆབ་སྲིད་བཙོན་ཟུར་ཞོགས་ལྗང་ལགས་ཀྱི་སྙན་རྩོམ་ཞིག་སྒྲོག་སྦྱོང་བྱེད་རྒྱུ་གཏན་འཁེལ་ཡོད་པ་མ་ཟད། ཞོགས་ལྗང་ལགས་ཀྱི་གྲོགས་པོ་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁོང་གི་ཚབ་བྱས་ཏེ་སྙན་རྩོམ་སྒྲོག་སྦྱོང་གནང་རྒྱུ་མ་ཟད། མི་རྣམས་ལ་ཞོགས་ལྗང་གི་གནས་སྟངས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
སྤྱི་ཟླ་དགུ་བའི་ཚེས་༥་ནས་ཚེས་༡༥བར་ཇར་མན་གྱི་རྒྱལ་སར་ལོ་རེར་ཐེངས་རེར་འཚོགས་བཞིན་པའི་རྦིར་ལེན་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་དེ་འགོ་འཛུགས་གནང་རྒྱུ་ཡིན་པ་རེད། དེའི་སྐོར་ཇར་མན་ནང་ཡོད་པའི་བོད་དོན་ལས་འགུལ་རྒྱབ་སྐྱོར་ཚོགས་པའི་ནང་ཕྱག་ལས་གནང་མཁན་མིག་དམར་སྒྲོལ་མ་ལགས་ཀྱིས། ལོ་རེའི་སྤྱི་ཟླ་དགུ་བར་ཇར་མན་རྦིར་ལེན་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་འདིར་ད་ལོར་རྒྱལ་ཁབ་ལྔ་བཅུ་ཙམ་གྱི་རྩོམ་པ་པོའི་དེང་རབས་བརྩམས་ཆོས་འགྲེམ་སྟོན། སྒྲོག་སྦྱོང་།  མཉམ་ཞུགས་གནང་གི་ཡོད་པ་ལྟར། ཁོང་ཚོའི་ངོས་ནས་ཞོགས་ལྗང་གི་རྩོམ་ཡིག་ཁག་ཅིག་ཇར་མན་ཡིག་གེ་ནང་བསྒྱུར་ནས་པར་སྐྲུན་བྱས་པའི་༼རང་དབང་གི་ཆེད་དུ་ང་ལ་བློ་འགྱོད་མེད་པའི་དེབ་ཁྱེར་ནས་དུས་སྟོན་དེའི་འཛུལ་ཐུབ་ཡོད་པ་ལས། ཞོགས་ལྗང་ཆབ་སྲིད་བཙོན་ཟུར་ཡིན་པའི་ཆ་ནས་མིན་ཡང་དུས་སྟོན་ཐོག་ཞོགས་ལྗང་གི་གནས་སྟངས་དང་བརྩམས་ཆོས་ངོ་སྤྲོད་དང་འབྲེལ་བོད་ནང་གི་གནས་སྟངས་འགྲེལ་བརྗོད་བྱེད་རྒྱུ་ཡིན་པ་གསུངས་བྱུང་།
སྤྱི་ལོ་༢༠༠༡ལོར་རྦིར་ལེན་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་འགོ་ཚུགས་པ་ནས་ལོ་རེའི་སྤྱི་ཟླ་དགུ་བར་འཚོགས་ཀྱི་ཡོད་ལ། ད་ལོར་ཨ་རི་དང་། ཁེ་ན་ཌ། ཨོ་སི་ཌོ་ལི་ཡ། རྒྱ་ནག བོད་སོགས་ཡུལ་གྲུ་ལྔ་བཅུ་ལྷག་གི་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་མཉམ་ཞུགས་གནང་རྒྱུ་ཡིན་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་དམངས་གཙོའི་ཆེད་བསྟོད་གཟེངས་རྟགས་ཕུལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎