བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ།

2016-11-23
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡུལ་ཚོགས་ཁང་དུ། ༢༠༡༦།༡༡།༢༢
སྲིད་སྐྱོང་མཆོག་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡུལ་ཚོགས་ཁང་དུ། ༢༠༡༦།༡༡།༢༢
sikyong/fb

ཁེ་ཎ་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་བ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ཎ་ཌའི་གྲོས་ཚོགས་ནང་ཕེབས་པ་དང་མཉམ་ཁེ་ཎ་ཌའི་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ཎ་ཌའི་རྒྱལ་ས་Ottawaའི་ནང་ཉིན་གསུམ་བཞུགས་རྒྱུན་རིང་། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་དང་། ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་མཐོ་གྲས་སོགས་དང་ལྷན་དུ་མཇལ་འཕྲད་ཞུས་འདུག འདི་ནི་སྔར་ལོ་ཁེ་ཎ་ཌའི་གུ་ཡངས་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ནས་སྲིད་དབང་འཛིན་པའི་རྗེས། སྲིད་སྐྱོང་མཆོག་ཁེ་ཎ་ཌའི་ནང་ཕེབས་པ་ཐོག་མ་དེ་ཡིན་པ་རེད།
ཡང་ཚེས་༢༢་ཉིན་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡུལ་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁེ་ཎ་ཌའི་གཞུང་དང་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཐོག་ཁེ་ཎ་ཌའི་གཞུང་གསར་པས་ཆབ་སྲིད་ལངས་ཕྱོགས་ཀྱི་གསལ་བསྒྲགས་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། བེུད་ཀྱི་ཐོབ་ཐང་སོགས་ཀྱི་སྲུང་སྐྱོབ་གནང་རྒྱུ་ཡིན་སྐོར་གསུངས་པ་དེར་སྲིད་སྐྱོང་མཆོག་གིས་བསྔགས་བརྗོད་ཞུས་པ་དང་སྦྲགས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཞུས་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་། ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།