སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་བཞེངས་ཕྱོཊ་ཐད་རྒྱབ་སྐྱོར་ཡོད་གསུངས་འདུག


2017.07.28
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་གྱི་(Hansraj)་མཐོ་སློབ་ཁང་དུ། ༢༠༡༧།༧།༢༦ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་གྱི་(Hansraj)་མཐོ་སློབ་ཁང་དུ། ༢༠༡༧།༧།༢༦
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ས་མཚམས་འབྲོག་ལམ་གྱི་བདག་དབང་རྩོད་པ་དེས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་སྲིད་ཇུས་ཀྱི་རྟགས་མཚོན་གྱི་ཡོད་ལུགས་གསུངས་འདུག
དེ་ཡང་འདི་ཚེས་༢༦་ཉིན་སྲིད་སྐྱོང་མཆོག་གིས་ལྡི་ལིར་ཧནྶེ་རཇེ་(Hans Raj)་མཐོ་སློབ་ཀྱི་སློབ་མ་ཚོར་གཏམ་བཤད་གནང་སྐབས། བར་ལམ་རྒྱ་ནག་གིས་བོད་དང་འབྲུག་གི་ས་མཚམས་འབྲོག་ལམ་ཁུལ་བཙན་འཛུལ་བྱས་པ་དེ་ནི་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་ཇུས་མཚོན་ཐུབ་ཀྱི་ཡོད་པ་དང་། རྒྱ་གར་གཞུང་གིས་དེའི་ཐད་བཞེངས་ཕྱོགས་དམ་འཛིན་གནང་བཞིན་པ་དེར་རྒྱབ་སྐྱོར་ཆ་ཚང་ཡོད་ཅེས་གསུངས་གནང་འདུག
སྲིད་སྐྱོང་མཆོག་གིས་དེ་སྔ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་ཇོརྗེ་ ཕརྣན་ཌ་སེ་(George Fernandes)་དང་། ད་ལམ་གྲོས་ཚོགས་ནང་བདེ་སྲུང་བློན་ཆེན་ཟུར་བ་མུ་ལ་ཡམ་སིངྒ་ཡ་དྷབ་(Mulayam Singh Yadav)་མཆོག་རྣམ་གཉིས་ཀྱིས་རྒྱ་གར་གྱི་དགྲ་བོ་གཙོ་བོ་རྒྱ་ནག་ཡིན་ལུཊ་གསུངས་ཡོད་པ་ལུང་འདྲེན་གྱིས། དེ་ལྟར་དངོས་འབྲེལ་ཡིན་པ་ནན་བརྗོད་གནང་འདུག
རྒྱ་ནག་གིས་དེ་སྔ་ནས་མེཀ་མོ་ཧན་(MacMohan) ས་ཐིག་ཡོལ་ནས་བཙན་འཛུལ་བྱས་པ་དང་། ད་ཆ་འབྲོག་ལམ་ཁུལ་བཙན་འཛུལ་བྱས་པ་དེ་ནི་རྒྱ་ནག་གིས་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོ་དང་། སེ་ཀར་བྷོ་རོ་(Scarborough)་མཚོ་གླིང་བཅས་ཀྱི་བདག་དབང་གི་འཐབ་རྩོད་དང་སྤྱི་མཚུངས་ཡིན་ལུགས་སྐྱོན་བརྗོད་གནང་འདུག
རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དང་འབྲེལ་བའི་སྐོར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གིས་འབྲོལ་ལམ་བཙན་འཛུལ་གྱི་བྱ་སྤྱོད་དེ་ནི་དེ་སྔ་ཕྱི་ལོ་༡༩༥༠འི་ནང་། མའོ་ཙེ་ཏུང་གིས་བོད་རྒྱ་ནག་གི་ལག་པ་གཡས་པའི་ལག་མཐིལ་ལྟ་བུ་དང་། ལ་དྭགས་དང་། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ། ཨ་རུ་ཎ་ཅལ་བཅས་མཛུབ་མོ་ལྟ་བུ་ཡིན་ལུགས་བརྗོད་པ་དྲན་གསོ་བཏང་གནང་བ་སྦྲགས་རྒྱ་གར་གཞུང་གིས་རྒྱ་ནག་གི་གནས་སྟངས་མཁྱེན་རྟོགས་ཐུབ་པར་དང་པོ་བོད་ཀྱི་གནས་སྟངས་མཁྱེན་དགོས་ཀྱི་རེད་ཅེས་གསུངས་འདུག
ཉེ་ཆར་རྒྱ་གར་གྲོས་ཚོགས་གོང་མའི་བྷེ་ཇེ་པི་(BJP)སྲིད་དོན་ཚོགས་པའི་འཐུས་མི་ཨར་ཁེ་ཞེན་ཧཱ་(R K Sinha)་ཞེས་པས་རྩོམ་ཡིག་ཅིག་སྤེལ་ནས། དེང་སྐབས་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཛ་དྲག་ཆགས་ཡོད་པའི་སྐབས་འདིར། བོད་མིའི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་མི་ཚོས་རྣམ་འགྱུར་གང་ཡང་མི་སྟོན་པར་ཁུ་སིམ་མེར་བསྡད་པ་དེས་རྒྱ་གར་གཞུང་དམངས་ལ་བསླབ་བྱ་སྐྱུར་མོ་ཞིག་སྤྲད་ཡོད་སྐོར་སོགས་བཀོད་ཡོད་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎